ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་དང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པས་འཁྲུག་རྩོད་བྱས་ཏེ་ཉུང་མཐར་ཡང་མི་ང་གཅིག་ལ་ཤི་རྨས་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་གཉིས་ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་ཐཱ་ལེ་པན་རྩ་འཛུགས་ཀྱིས་ཉེ་སྔོན་བྱང་ཕྱོགས་ཀྱི་ཀྲུའུ་ཙི་ཀྲན་ཞིང་ཆེན་ནས་ས་དེར་སྦས་སྐོང་བྱེད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣའི་བར་འཁྲུག་རྩོད་དྲག་པོ་བྱས་ཏེ། ཉུང་མཐར་ཡང་མི་ང་གཅིག་ལ་ཤི་རྨས་ཐེབས་ཟེར།

ཨ་ཧྥུའུ་ཧན་གྱི་ཧཱ་མཱ་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཕྱོགས་གཉིས་བར་འཁྲུག་རྩོད་བྱུང་ས་དེ་ནི་ཀྲུའུ་ཙི་ཀྲན་ཞིང་ཆེན་གྱི་ཏུའུ་ཨར་ཀྲ་པུའུ་ས་ཁུལ་ཡིན་པ་དང་། འཁྲུག་རྩོད་དེའི་འབྱུང་རྐྱེན་ནི་ས་ཁུལ་དེའི་དབང་ཤུགས་ཁྱབ་ཁོངས་འཕྲོག་རྩོད་བྱེད་པའི་ཆེད་དུ་ཡིན་པ་རེད། ཕྱོགས་གཉིས་ཀྱི་འཁྲུག་རྩོད་དེ་མིག་སྔར་མུ་མཐུད་དུ་སྤེལ་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།