ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་ལྟ་ཞིབ་ཚོགས་པས་ཝུའུ་ཁི་ལན་གྱི་ཏོན་པཱ་སི་ས་ཁུལ་གྱི་གནས་བབ་མངོན་གསལ་གྱིས་ཞི་འཇགས་སུ་སོང་ཡོད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་དུ་སྡོད་པའི་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམིགས་བསལ་ལྟ་ཞིབ་ཚོགས་པའི་ཚོགས་གཙོ་གཞོན་པ་དང་པོ་ཧུའུ་ཀི་ཡིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱས་པའི་འཁྲུག་རྩོད་མཚམས་འཇོག་པའི་འཆར་གཞི་གསར་བར་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པ་དང་། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཏོན་པཱ་སི་ས་ཁུལ་གྱི་གནས་བབ་ཉེ་སྔོན་མངོན་གསལ་གྱིས་ཞི་འཇགས་སུ་སོང་ཡོད་ཟེར།

ཧུའུ་ཀི་ཡིས་ཉིན་དེར་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དམིགས་བསལ་ལྟ་ཞིབ་ཚོགས་པས་ཏོན་པཱ་སི་ས་ཁུལ་ནས་ཚད་འཇལ་བྱས་པའི་གཞི་གྲངས་ལྟར་ན། མེ་མདས་བརྒྱག་པའི་སྣང་ཚུལ་རེ་འགའ་ཡོད་ཀྱང་གཟའ་འཁོར་སྔོན་མར་འཁྲུག་རྩོད་མཚམས་འཇོག་པའི་འཆར་གཞི་དང་འགལ་བའི་སྣང་ཚུལ་དེའི་སྔོན་ལས་ཇེ་ཉུང་དུ་སོང་ཡོད་ལ། འཁྲུག་རྩོད་མཚམས་འཇོག་པའི་འཆར་གཞི་ལས་གཏན་འགོག་བྱས་པའི་མཚོན་ཆ་ཆེ་གྲས་བཀོལ་བའི་སྣང་ཚུལ་ཡང་ཇེ་ཉུང་དུ་སོང་ཡོད་ཟེར།

ཧུའུ་ཀི་ཡིས་བསྟན་དོན། བསྡོམས་རྩིས་རགས་ཙམ་བྱས་པའི་མཇུག་འབྲས་ལྟར་ན། འདས་པའི་ཉིན་བདུན་ནི་མི་སེར་དཀྱུས་མར་ཤི་རྨས་ཐེབས་པའི་སྙན་ཞུ་མེད་པའི་གཟའ་འཁོར་གཅིག་རེད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།