ཁུ་པཱ་ཡིས་སྒྲིག་སྲོལ་གསར་བ་ཁྱབ་སྒྲོག་བྱས་ཏེ་སྒེར་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ལེགས་སྒྲིག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁུ་པཱ་སྲིད་གཞུང་གིས་ཚེས་བཅུའི་ཉིན་ཁྱབ་སྒྲོག་བྱས་དོན། ད་ཡོད་ཀྱི་སྒེར་གཉེར་དཔལ་འབྱོར་ལ་ལེགས་སྒྲིག་བྱེད་པའི་བྱ་འགུལ་ཁྱབ་ཁོངས་བཅོས་སྒྲིག་བྱས་པ་དང་། མཚམས་བཞག་པའི་སྒེར་གཉེར་ཁེ་ལས་སྐོར་ཞིག་གི་ཚོང་གཉེར་ཆོག་མཆན་ཡང་བསྐྱར་བྱིན་པ་དང་། སྒེར་གཉེར་དཔལ་འབྱོར་གྱི་དོ་དམ་བྱེད་ཐབས་གསར་བསྒྱུར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྒེར་གཉེར་ལམ་ལུགས་ཅན་གྱི་དཔལ་འབྱོར་འཁོར་སྐྱོད་རྣམ་པ་འཐུས་ཚང་དུ་གཏོང་རྒྱུ་ཡིན་ཟེར། སྒྲིག་སྲོལ་གསར་བ་དེ་ད་ལོའི་ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན་དངོས་སུ་ནུས་ལྡན་དུ་འགྱུར་ངེས་ཡིན་ཟེར།

ཁུ་པཱ་སྲིད་གཞུང་གིས་ཉིན་དེར་ཁྱབ་སྒྲོག་བྱས་དོན། ད་ཡོད་ཀྱི་སྒེར་གཉེར་དཔལ་འབྱོར་གྱི་འགུལ་སྐྱོད་ལས་གཞི་ཉིས་བརྒྱ་དང་གཅིག་ཡོད་པ་དེ་བརྒྱ་དང་ཉེར་གསུམ་དུ་ལེགས་སྒྲིག་བྱེད་རྒྱུ་ཡིན་པ་དང་། ཞོར་དུ་ལས་གཞི་ཁག་ཅིག་གི་ཚོང་གཉེར་ཁྱབ་ཁོངས་རྒྱ་བསྐྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།