ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཨ་མེ་རི་ཁས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་གྲོས་མོལ་ཐད་ནས་ཡིག་ཆ་བརྗེ་རེས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་དགུའི་ཉིན་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་གྲོས་མོལ་ཐད་ནས་ཡིག་ཆ་བརྗེ་རེས་བྱེད་བཞིན་ཡོད་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་གྲོས་མོལ་ཐད་ནས་ཡིག་ཆ་བརྗེ་རེས་བྱས་པ་དང་། དེའི་ནང་དོན་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་གནད་དོན་མི་འདྲ་བའི་ཐད་ཀྱི་གཞི་རྩའི་ལངས་ཕྱོགས་ལ་འབྲེལ་བ་ཡོད་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཕྱི་འབྲེལ་གྱི་རྒྱུན་སྲོལ་ལྟར་ན། ཨུ་རུ་སི་དང་ཨ་མེ་རི་ཁས་ཉེ་སྔོན་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གི་གྲོས་མོལ་ལ་གྲ་སྒྲིག་བྱེད་མགོ་བརྩམས་པ་དང་། ལངས་ཕྱོགས་ཀྱི་ཡིག་ཆ་བརྗེ་རེས་བྱེད་བཞིན་ཡོད། དེའི་ཁྱབ་ཁོངས་ལ་ཕྱོགས་གཉིས་ཀྱི་ལྟ་ཚུལ་མི་འདྲ་བའི་གནད་དོན་འདུས་པར་མ་ཟད། གཅིག་གྱུར་གྱི་གྲོས་གཞི་འཚོལ་ཞིབ་བྱེད་པར་ཡང་འབྲེལ་བ་ཡོད་ཟེར།

ཨུ་རུ་སིའི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་གཉིས་ཀྱིས་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་ཧྥུན་ལན་གྱི་རྒྱལ་ས་ཧི་ཨར་ཞིན་ཅི་ནས་གྲོས་མོལ་བྱེད་རྒྱུ་རེད་ཟེར། ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཀྱང་གནས་ཚུལ་དེ་བདེན་དཔང་བྱས་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།