ཕཱ་ཁི་སི་ཐན་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་མི་བཞི་བཅུར་ཤི་རྨས་ཐེབས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་ལྷོ་ཕྱོགས་ཀྱི་ཞིན་ཏི་ཞིང་ཆེན་ནེ་ཝ་པུའུ་ཧྲ་ཨ་ས་ཁུལ་དུ་ཚེས་དྲུག་ཉིན་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་། འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་སྔ་གཞུག་ཏུ་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་དང་རླངས་འཁོར་ཆུང་བ་ཞིག་ལ་ཐོབ་བརྒྱབ་སྟེ། ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་ལྔར་རྨས་ཕོག་ཟེར།

བསྒྲགས་པ་ལྟར་ན། དོན་རྐྱེན་དེ་ལས་མི་དགུ་དོན་རྐྱེན་བྱུང་སར་ཤི་བ་དང་། མི་དྲུག་སྨན་ཁང་དུ་བསྐྱལ་བའི་ལམ་བར་ནས་རྐྱེན་ལམ་དུ་ཤོར་བ་རེད། རྨས་མའི་ཁྲོད་བུད་མེད་དང་བྱིས་པ་མང་བོ་ཡོད་ལ། ས་དེའི་སྨན་ཁང་གིས་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། འགྲུལ་སྐྱེལ་རླངས་འཁོར་ཆུང་བའི་ཁ་ལོ་བ་མྱུར་ཚད་ལས་བརྒལ་བ་ནི་ཐེངས་འདིའི་འགྲིམ་འགྲུལ་དོན་རྐྱེན་གྱི་འབྱུང་རྐྱེན་གཙོ་བོ་ཡིན་སྲིད་ལ། རྟོག་ཞིབ་བྱ་བ་སྤེལ་བཞིན་པའི་སྒང་ཡིན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།