ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་བདེ་འཇགས་སྡེ་ཁག་གིས་ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུས་འགས་གཏོར་བཏང་ནས་རྟེན་གཞི་རྩ་འཛུགས་ཀྱི་ཁོངས་མི་བདུན་བསད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་བདེ་འཇགས་སྡེ་ཁག་གིས་ཚེས་དྲུག་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུས་ཉིན་དེར་ཡེ་མིན་གྱི་ཧྲི་པུའུ་བོ་ཞིང་ཆེན་ནས་འགས་གཏོར་བཏང་སྟེ། རྟེན་གཞི་རྩ་འཛུགས་ཨ་རབ་ཕྱེད་གླིང་ཡན་ལག་རུ་ཁག་གི་ཁོངས་མི་བདུན་བསད་ཟེར།

ཡེ་མིན་བདེ་འཇགས་སྡེ་ཁག་གི་དཔོན་རིགས་ཀྱིས་བཤད་རྒྱུར། རྟེན་གཞི་རྩ་འཛུགས་ཀྱི་རླངས་འཁོར་ཞིག་ལ་ཉིན་དེར་ཧྲི་པུའུ་བོ་ཞིང་ཆེན་པེད་ཧན་ས་ཁུལ་ནས་ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་འཇིགས་སྐུལ་ཉེས་ཅན་བདུན་བསད། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། འདས་པོ་ཚང་མ་རྟེན་གཞི་རྩ་འཛུགས་ཨ་རབ་ཕྱེད་གླིང་ཡན་ལག་རུ་ཁག་གི་ཁོངས་མི་ཡིན་པ་དང་། སྔོན་ཆད་ས་དེའི་སྲིད་གཞུང་དམག་དཔུང་ལ་འཇབ་རྒོལ་བྱེད་པའི་བྱ་འགུལ་ནང་ཞུགས་མྱོང་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།