ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ནས་དྲ་རྒྱའི་བདེ་འཇགས་ཀྱི་འདོད་བློ་ཁྱབ་གདལ་དུ་གཏོང་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་དྲུག་ཉིན་བཤད་རྒྱུར། ཨུ་རུ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ནས་ཨུ་རུ་སིའི་དྲ་རྒྱའི་བདེ་འཇགས་དང་འབྲེལ་བའི་འདོད་བློ་ཁྱབ་གདལ་དུ་གཏོང་རྩིས་ཡོད་ཟེར།

ཕུའུ་ཅིན་གྱིས་ཉིན་དེར་མའོ་སི་ཁི་ནས་བསྡུས་པའི་རྒྱལ་སྤྱིའི་དྲ་རྒྱའི་བདེ་འཇགས་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་སྟེང་བཤད་རྒྱུར། ཨུ་རུ་སི་ཡིས་འདོད་བློ་རེ་འགའ་བཏོན་པ་དང་། བརྡ་འཕྲིན་ཁྱབ་ཁོངས་ཀྱི་རྒྱལ་ཁབ་སོ་སོའི་བྱ་སྤྱོད་སྒྲིག་སྲོལ་དང་བརྡ་འཕྲིན་ནག་ཉེས་ལ་ཆམ་ཕབ་གཏོང་བའི་བཅའ་ཁྲིམས་རྐྱེན་སྲོལ། རྒྱལ་སྤྱིའི་མཉམ་འབྲེལ་དྲ་རྒྱའི་དོ་དམ་སོགས་ལ་འབྲེལ་བ་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་གྲགས་དང་ཤུགས་རྐྱེན་ཆེ་བའི་སྟེགས་བུ་ལས་འདོད་བློ་དེ་ཁྱབ་གདལ་དུ་གཏོང་རྩིས་ཡོད་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། རྒྱལ་ཁབ་རེ་འགས་རང་ཉིད་ཁོ་ན་བསམ་པ་དང་རང་གི་ཁེ་ཕན་ཁོ་ནའི་ཆེད་དུ་བརྩོན་པ་རེད། དེས་འཛམ་གླིང་ཡོངས་ཀྱི་བརྡ་འཕྲིན་ཁྱབ་ཁོངས་ཀྱི་གཏན་འཇགས་ལ་ཤུགས་རྐྱེན་ཐེབས་སྲིད་ལ། ཁྱབ་ཁོངས་དེའི་གཅིག་གྱུར་བྱ་སྤྱོད་སྒྲིག་སྲོལ་གཏན་འབེབས་བྱེད་དགོས་ཟེར།

ཁོས་བཤད་རྒྱུར། རྒྱལ་ཁབ་གཞན་པ་དང་འདྲ་བར་ཨུ་རུ་སིའང་དྲ་རྒྱའི་བདེ་འཇགས་ཀྱི་འགྲན་རྩོད་ལ་འཕྲད་མྱོང་། ད་ལོའི་དུས་ཚིགས་དང་པོར་ཨུ་རུ་སི་ལ་དྲ་རྒྱའི་འཇབ་རྒོལ་ཐེབས་པའི་ཁ་གྲངས་དེ་ན་ནིང་དུས་མཉམ་ལས་སུམ་ཆའི་གཅིག་འཕར་ཡོད་ཟེར།

རྒྱལ་སྤྱིའི་དྲ་རྒྱའི་བདེ་འཇགས་ཚོགས་ཆེན་དེ་ཚེས་ལྔ་ཉིན་ནས་ཚེས་དྲུག་ཉིན་བར་མའོ་སི་ཁི་ནས་ཚོགས། རྒྱལ་ཁབ་མང་བོའི་ཆེད་མཁས་པ་དང་ཁེ་ལས། སྲིད་གཞུང་བཅས་ཀྱི་འཐུས་མི་གྲོས་ཚོགས་ལ་ཞུགས།།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།