ཀྲུང་གོ་བོད་ཀྱི་དྲ་བ།

ཉིས་སྟོང་བཅོ་བརྒྱད་ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་རྒྱལ་སྐྱོང་སྲིད་འཛིན་གྱི་ཞིབ་བསྡུར་ཚོགས་འདུ་ཨ་ཧྥེ་རི་ཁ་ལྷོ་མའི་ཡོ་ཧན་ནེ་སི་པའོ་ནས་རྒྱལ་ཁའི་ངང་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉིས་སྟོང་བཅོ་བརྒྱད་ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་རྒྱལ་སྐྱོང་སྲིད་འཛིན་གྱི་ཞིབ་བསྡུར་ཚོགས་འདུ་དེ་ཚེས་བཞིའི་ཉིན་ཨ་ཧྥེ་རི་ཁ་ལྷོ་མའི་ཡོ་ཧན་ནེ་སི་པའོ་ནས་རྒྱལ་ཁའི་ངང་སྤེལ། གསེར་གྱོམ་རྒྱལ་ཁབ་དང་ཨ་ཧྥེ་རི་ཁ་གླིང་ལྷོ་མའི་རྒྱལ་ཁབ་ཀྱི་འཐུས་མི་བརྒྱ་དང་ཉི་ཤུ་ལྷག་གིས་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ནང་ཞུགས་ཏེ། མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་དང་གསེར་གྱོམ་རྒྱལ་ཁབ་ཀྱི་བློ་གྲོས་འདོན་དགོས་ཞེས་པའི་བརྗོད་སྙིང་ལ་དམིགས་ཏེ་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ཟབ་མོ་བྱས།

ཨ་ཧྥེ་རི་ཁ་ལྷོ་མའི་སྤྱི་བའི་ལས་དོན་དོ་དམ་པུའུ་ཡི་པུའུ་ཀྲང་ཏི་ལོ་ཏི་ལོ་ཡིས་གཏམ་བཤད་གལ་ཆེན་སྤེལ་ཏེ། གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་དངོས་སུ་གྲོས་མོལ་མ་བྱས་གོང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཞིབ་བསྡུར་ཚོགས་འདུ་སྤེལ་ནས་བརྗེ་རེས་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་མགོ་ཁྲིད་པའི་གྲོས་མོལ་གྲུབ་འབྲས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ། གསེར་གྱོམ་རྒྱལ་ཁབ་སོ་སོས་མཉམ་ལས་བྱ་བ་དམ་འཛིན་བྱས་ཤིང་། དངུལ་ལོར་དང་ཚན་རྩལ། ཁོར་ཡུག མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་བྱས་ཏེ། གསེར་གྱོམ་རྒྱལ་ཁབ་སོ་སོའི་མི་དམངས་ལ་མཉམ་ལས་ལས་བྱུང་བའི་ཁེ་ཕན་ཉམས་སུ་མྱོང་དུ་འཇུག་དགོས་ཟེར།

ཐེངས་འདིའི་ཞིབ་བསྡུར་ཚོགས་འདུ་ནི་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཡོ་ཧན་ནེ་སི་པའོ་གྲོས་མོལ་བྱེད་པའི་བྱ་འགུལ་གྱི་ནང་དོན་གཙོ་བོ་ཞིག་ཡིན་པ་དང་། ཀྲུང་གོའི་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་ཁབ་ཀྱི་སྲིད་གཞུང་སློབ་གླིང་། ཨ་ཧྥེ་རི་ཁ་ལྷོ་མའི་མི་གཞུང་ཚན་རིག་ཞིབ་འཇུག་ལས་འཛིན་ཚོགས་པ་སོགས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།