ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཕོ་ཉས་མུ་མཐུད་དུ་ཧི་ཐེ་ཏཱའི་འཁྲུག་རྩོད་ལ་བར་འདུམ་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀི་ལི་ཧྥེ་སི་ཡིས་ཚེས་བཞིའི་ཉིན་སཱ་ནཱ་ནས་བསྟན་དོན། མུ་མཐུད་དུ་ཧི་ཐེ་ཏཱའི་འཁྲུག་རྩོད་ཐད་ནས་ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པའི་བར་བར་འདུམ་བྱེད་རྒྱུ་ཡིན་ཟེར།

ཀི་ལི་ཧྥེ་སི་ཚེས་གཉིས་ཉིན་སཱ་ནཱ་རུ་འབྱོར་ཏེ་ཧུའུ་སེ་དྲག་ཆས་པ་དང་མཉམ་དུ་དུས་ཡུན་ཉིན་གསུམ་གྱི་གྲོས་མོལ་བྱས། ཁོས་ཚེས་བཞིའི་ཉིན་སཱ་ནཱ་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཁོ་དང་ཧུའུ་སེ་དྲག་ཆས་པའི་མགོ་ཁྲིད་པས་ཧི་ཐེ་ཏཱའི་འཁྲུག་རྩོད་ཛ་དྲག་ཏུ་འགྱུར་བར་ཇི་ལྟར་སྔོན་འགོག་བྱེད་པའི་ཐད་ནས་གྲུབ་འབྲས་ལྡན་པའི་གྲོས་མོལ་བྱས་པ་དང་། གྲོས་མོལ་གྱི་གྲུབ་འབྲས་དེ་དག་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་སྤྲོད་རྒྱུ་ཡིན་ཟེར།

ཁོས་ད་རུང་བསྟན་དོན། དེའི་རྗེས་སུ་ཁོས་མུ་མཐུད་དུ་ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པའི་བར་བར་འདུམ་བྱེད་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། ཁོས་ཉེ་སྔོན་ཙུང་ཐུང་ཧཱ་ཏིས་ལ་ཐུག་འཕྲད་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།