ཀྲུང་གོ་བོད་ཀྱི་དྲ་བ།

ཁུན་ནེ་ཡཱའི་འགྲུལ་སྐྱེལ་རླངས་འཁོར་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་སྟེ་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་མི་ཉི་ཤུ་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁུན་ནེ་ཡཱའི་དཔོན་རིགས་ཀྱིས་བཤད་རྒྱུར། རྒྱལ་ཁབ་དེའི་ལྷོ་ཕྱོགས་ས་ཁུལ་གྱི་མཱ་ཁུའུ་ཨེ་ནེ་རྫོང་ནས་ཉིན་དེའི་ཞོགས་པར་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཉི་ཤུར་རྨས་ཕོག་ཟེར།

མཱ་ཁུའུ་ཨེ་ན་རྫོང་གི་དཔོན་པོ་ཞིག་གིས་ཁ་པར་བརྒྱུད་དེ་བཤད་རྒྱུར། དོན་རྐྱེན་དེ་ཤར་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་མིན་པཱ་སཱ་དང་རྒྱལ་ས་ནེ་ལོ་པུས་སྦྲེལ་བའི་གཞུང་ལམ་སྟེང་བྱུང་བ་དང་། འགྲུལ་སྐྱེལ་རླངས་འཁོར་དང་དངོས་སྐྱེལ་རླངས་འཁོར་ཁ་གཏད་དུ་གདོང་ཐུག་བརྒྱབ་རྗེས་མེར་འབར་བས་མི་སྣར་ཤི་རྨས་བཟོས་པ་རེད། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།

ས་དེའི་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད། རྨས་མ་རེ་འགའི་རྨས་སྐྱོན་ཚབས་ཆེན་ཡིན་པས་འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་ཡང་སྲིད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།