ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་གྱི་གཉེན་སྟོན་སྤེལ་ས་ཞིག་ལ་བར་སྣང་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་བདེ་འཇགས་སྡེ་ཁག་གི་དཔོན་རིགས་ཀྱིས་ཚེས་གསུམ་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ནུབ་བྱང་ཕྱོགས་ཀྱི་སཱ་ཏཱ་ཞིང་ཆེན་དུ་གཉེན་སྟོན་སྤེལ་ས་ཞིག་ལ་ཉིན་དེར་སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་ཟེར།

མིང་བཤད་མི་འདོད་པའི་ཡེ་མིན་བདེ་འཇགས་སྡེ་ཁག་གི་དཔོན་པོ་ཞིག་གིས་བཤད་རྒྱུར། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཚེས་གསུམ་ཉིན་གྱི་ཕྱི་དྲོར་སཱ་ཏཱ་ཞིང་ཆེན་གྱི་སཱ་ཞེ་ཨར་ས་ཁུལ་གྱི་སྡེ་བ་ཞིག་གི་གཉེན་སྟོན་བྱེད་སའི་ཡུལ་དངོས་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཅིག་ལ་རྨས་ཕོག དེའི་ནང་མང་ཆེ་བ་ནི་བུད་མེད་དང་བྱིས་པ་རེད་ཟེར།

སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཉེ་སྔོན་ཡེ་མིན་མངའ་ཁོངས་ཀྱི་དམིགས་འབེན་ལ་འགས་གཏོར་མང་དུ་བཏང་། ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཡེ་མིན་ཨ་མུའུ་ལན་ཞིང་ཆེན་གྱི་ཨ་མུའུ་ལན་གྲོང་ཁྱེར་དུ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་བུད་མེད་དང་བྱིས་པ་འདུས་པའི་མི་དགུ་རྐྱེན་ལམ་དུ་ཤོར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།