ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་ཡང་བསྐྱར་ཁྲའོ་ཞན་ལ་འཚམས་འདྲི་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཚེས་ལྔ་ཉིན་ནས་ཚེས་བདུན་ཉིན་བར་ཡང་བསྐྱར་ཁྲའོ་ཞན་ལ་འཚམས་འདྲི་བྱེད་རྒྱུ་རེད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ནོའུ་ཨར་ཐི་ཡིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཕིན་ཕའེ་ཨོ་ཕེན་རང་དུ་སོང་ནས་ཁྲའོ་ཞན་བར་མུ་མཐུད་དུ་གྲོས་མོལ་སྤེལ་ཏེ། ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་སིང་ག་ཕོར་གྱི་གྲོས་མོལ་གྲུབ་འབྲས་དངོས་འབེབ་བྱེད་རྒྱུ་རེད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཕིན་ཕའེ་ཨོ་ཡིས་དེའི་རྗེས་སུ་འཇར་པན་དང་ཡོ་ནན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་ལ་འཚམས་འདྲི་བྱེད་རྒྱུ་མ་ཟད། པུའུ་ལུའུ་སེར་དུ་སོང་ནས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་མཉམ་དུ་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་རྒྱུ་རེད་ཟེར།

ད་ལོའི་ཟླ་ལྔ་བར། ཕིན་ཕའེ་ཨོ་ཡིས་ཐོག་དང་པོར་རྒྱལ་སྲིད་བློན་ཆེན་གྱི་ཐབ་ཐང་གིས་ཁྲའོ་ཞན་ལ་འཚམས་འདྲི་བྱས་པ་རེད། དེའི་སྔོན་ཀྲུང་དབྱང་གསང་འཕྲིན་ཅུའུ་ཡི་ཅུའུ་ཀྲང་གི་འགན་ཁུར་བའི་ཕིན་ཕའེ་ཨོ་ཡིས་ཟླ་བཞི་བར་ཐི་ལིང་ཕུའུ་ཡི་ཆེད་མངག་ཕོ་ཉའི་ཐོབ་ཐང་གིས་གསང་སྟབས་ཀྱིས་ཁྲའོ་ཞན་ལ་འཚམས་འདྲི་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།