ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ཙུང་ཐུང་གིས་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་བར་གྱི་ཕྱོགས་གཅིག་གི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་མཇུག་སྒྲིལ་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ཡིས་ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་ཁཱ་པོར་ནས་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་བར་གྱི་ཕྱོགས་གཅིག་གི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་མཇུག་སྒྲིལ་རྒྱུ་ཁྱབ་སྒྲོག་བྱས་པ་དང་། ཐཱ་ལེ་པན་ཞི་བདེའི་གྲོས་མོལ་ནང་ཞུགས་དགོས་པའི་འབོད་སྐུལ་བཏང་།

ཅཱ་ནེ་ཡིས་ཉིན་དེར་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། དུས་ཡུན་ཉིན་བཅོ་བརྒྱད་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་མཇུག་སྒྲིལ་བ་དང་། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གིས་དམག་དོན་འགུལ་སྐྱོད་སླར་གསོ་བྱེད་རྒྱུ་ཡིན་ཟེར།

ཅཱ་ནེ་ཡིས་བཤད་རྒྱུར། དེའི་སྔོན་གྱི་འཁྲུག་རྩོད་མཚམས་འཇོག་པའི་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ལ། རྒྱལ་ཡོངས་གོང་འོག་ཚང་མས་ཞི་བདེ་ཐད་གྲ་སྒྲིག་བྱས་ཡོད་པའི་མཚོན་རྟགས་རེད། ཁོས་ད་རུང་བསྟན་དོན། དེའི་སྔོན་ཐཱ་ལེ་པན་གྱིས་ཉིན་གསུམ་ལ་འཁྲུག་རྩོད་མཚམས་བཞག་པ་ལས་རྩ་འཛུགས་དེའི་ཁོངས་མི་མི་ཉུང་བ་ཞིག་གིས་ཞི་བདེ་ལ་རེ་བསྙེག་བྱེད་པ་ཤེས་ཐུབ། ད་ལྟ་ནི་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་གྱིས་རྣམ་འགྱུར་བཟང་བོ་སྟོན་པའི་སྐབས་ཡིན་པ་དང་། ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་གྱིས་གྲ་སྒྲིག་བྱས་ཡོད་ན་ཁོས་དུས་ངེས་མེད་དུ་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་ཇེ་རིང་དུ་གཏོང་ངེས་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།