ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་ནན་བྱང་ཕྱོགས་ས་ཁུལ་དུ་ཆུ་ལོག་དང་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་ནན་ཀྲུང་དབྱང་རང་བྱུང་གནོད་འཚེ་སྔོན་འགོག་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཡོ་ནན་བྱང་ཕྱོགས་རི་ཁུལ་དུ་ཉེ་སྔོན་ཆར་བ་དྲག་པོ་བབས་ཏེ། ཆུ་ལོག་དང་རི་ཉིལ་བའི་དོན་རྐྱེན་བྱུང་ནས། ཉུང་མཐར་ཡང་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་དགུ་གར་སོང་རྙེད་མེད་ཟེར།

ཨུ་ཡོན་ལྷན་ཁང་དེས་བཤད་རྒྱུར། མིག་སྔར་ཡོ་ནན་བྱང་ཕྱོགས་ཀྱི་གནོད་འཚེ་ཐེབས་པའི་ཞིང་ཆེན་བདུན་གྱི་དཔལ་འབྱོར་གྱོང་གུད་ནི་མེ་སྒོར་བྱེ་བ་གཅིག་དང་ས་ཡ་དགུ་འབུམ་དགུ་ཁྲི་དྲུག་ཙམ་ཡིན། གནོད་འཚེ་ཐེངས་པ་ཅུང་ཚབས་ཆེ་བའི་ལེ་ཀྲིག་ཞིང་ཆེན་དུ། ཆུ་ལོག་དང་རི་ཉིལ་བ་སོགས་གནོད་འཚེ་ལས་ཉུང་མཐར་ཡང་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་དགུ་གར་སོང་རྙེད་མེད་ལ། མི་བཅོ་ལྔར་རྨས་ཕོག་ཡོད་ཟེར།

ཡོ་ནན་བྱང་ཕྱོགས་རི་ཁུལ་དུ་ཉེ་སྔོན་དྲག་ཆར་བབས་ཏེ། ས་ཆ་ལ་ལར་ཆུ་ལོག་དང་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ། ཁང་བ་དང་གཞུང་ལམ་། ཟམ་པ་བཅས་ལ་གཏོར་བརླག་ཐེབས་ཡོད་ཅིང་། ཞིང་ས་དང་གསོ་སྤེལ་སྒྲིག་ཆས་མང་བོ་ཆུས་བསྣུབས་ཡོད་ལ། ས་ཆ་མང་བོའི་འགྲིམ་འགྲུལ་ལ་གནོད་པ་ཐེབས་པར་མ་ཟད་གློག་ཤུགས་མཁོ་འདོན་ལའང་གནོད་པ་ཐེབས་ཡོད། མིག་སྔར་གནོད་ཐེབས་ཀྱི་ཞིང་ཆེན་སོ་སོས་ཉེན་སེལ་རྒུད་སྐྱོབ་དང་གནོད་འཚེ་རྗེས་ཀྱི་བསྐྱར་འཛུགས་བྱ་བ་སྤེལ་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།