ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཐི་ལིང་ཕུའུ་ཡི་གནས་སྤོར་སྡོད་དམངས་ལ་བཀག་འགོག་བྱེད་པའི་བཀའ་རྒྱ་ཁྲིམས་མཐུན་ཡིན་པར་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

6月26日,在美国首都华盛顿,人们在联邦最高法院前抗议。.jpg

ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན། ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཐོན་ནས་མི་རྣམས་ཀྱིས་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་གི་མདུན་ནས་ངོ་རྒོལ་བྱ་འགུལ་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཚེས་ཉེར་དྲུག་ཉིན་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ན་ནིང་སྤེལ་བའི་གནས་སྤོར་སྡོད་དམངས་ལ་བཀག་འགོག་བྱེད་པའི་བཀའ་རྒྱ་དེ་ཙུང་ཐུང་གི་འགན་དབང་ཁྱབ་ཁོངས་དང་ཡོངས་སུ་འཚམ་པར་ཐག་བཅད།

ཐི་ལིང་ཕུའུ་ཡིས་དེའི་རྗེས་སུ་ཕོ་བྲང་དཀར་པོ་ནས་གསལ་སྒྲོག་སྤེལ་ཏེ་དེ་ནི་རྒྱལ་ཁ་ཆེན་པོ་ཞིག་ཡིན་པར་བཤད་པ་དང་། མུ་མཐུད་དུ་ཨ་མེ་རི་ཁའི་མཐའ་མཚམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུའི་ཚུལ་བསྟན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།