ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་དམག་ཕྱོགས་ཀྱིས་སི་རི་ཡཱའི་ལྷོ་ཕྱོགས་ཀྱི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་དྲག་པོ་གཏོང་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། སི་རི་ཡཱའི་ལྷོ་ཕྱོགས་ནས་ནོའུ་སི་ལཱ་འཐབ་ཕྱོགས་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་དྲག་པོ་གཏོང་རྒྱུ་ཡིན་པ་དང་། འཇིགས་སྐུལ་ཉེས་ཅན་དག་ས་ཁུལ་དེ་ནས་གཙང་ཕྱགས་བྱེད་རྒྱུ་ཡིན་ཟེར།

བསྒྲགས་པ་ལྟར་ན། ནོའུ་སི་ལཱ་འཐབ་ཕྱོགས་ཞེས་པའི་རྩ་འཛུགས་ཀྱིས་བསྟུད་མར་སི་རི་ཡཱའི་ལྷོ་ཕྱོགས་ས་ཁུལ་ནས་འཇིགས་སྐུལ་རིང་ལུགས་ཀྱི་བྱ་འགུལ་སྤེལ་བ་དང་། སྲིད་གཞུང་དམག་དཔུང་གི་དམིགས་འབེན་ལ་འཇབ་རྒོལ་བྱས་ཏེ་གནས་བབ་ཛ་དྲག་ཏུ་བཏང་བར་མ་ཟད། ཞོར་དུ་མགོ་སྒུར་འདོད་ཡོད་པའི་དྲག་ཆས་ཉེས་ཅན་གྱིས་སྲིད་གཞུང་དམག་དཔུང་བར་ཞི་བའི་གྲོས་མོལ་བྱེད་པར་བཀག་འགོག་བྱས། སི་རི་ཡཱའི་དམག་ཕྱོགས་ཀྱིས་སི་རི་ཡཱའི་ལྷོ་ཕྱོགས་ས་ཁུལ་གྱི་མང་ཚོགས་དང་མཉམ་ལས་བྱས་ཏེ། ནོའུ་སི་ལཱ་འཐབ་ཕྱོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ནས་མི་སེར་དཀྱུས་མའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

མིང་བཤད་མི་འདོད་པའི་ཏི་ལཱ་ཞིང་ཆེན་གྱི་མི་སྣ་ཞིག་གིས་ཚེས་ཉེར་ལྔ་ཉིན་གསར་འགོད་པར་བཤད་རྒྱུར། སི་རི་ཡཱའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་ཏི་ལཱ་ཞིང་ཆེན་བྱང་ཤར་ཕྱོགས་དང་སུའུ་ཝེ་ཏཱ་ཞིང་ཆེན་གྱི་ནུབ་བྱང་ས་ཁུལ་ནས་དམག་དོན་འགུལ་སྐྱོད་སྤེལ་བ་དང་། ནོའུ་སི་ལཱ་འཐབ་ཕྱོགས་སོགས་དྲག་ཆས་རྩ་འཛུགས་བར་འཁྲུག་རྩོད་དྲག་པོ་བྱས་ཏེ། ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་ས་ཁུལ་གྱི་གྲོང་སྡེ་མང་བོ་ཕྱིར་འཕྲོག་ལེན་བྱས་ཡོད་ཟེར།

གནས་ཚུལ་ཤེས་མཁན་དེས་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་དམག་དོན་འགུལ་སྐྱོད་སྤེལ་བའི་དམིགས་ཡུལ་ནི་ཏི་ལཱ་ཞིང་ཆེན་གྱི་བྱང་ཤར་ས་ཁུལ་ནས་ཏི་ལཱ་དང་ཏཱ་མཱ་ཧྲི་ཀིའི་གཞུང་ལམ་བར་གྱི་གྲོང་སྡེ་ཚང་མ་ཕྱིར་འཕྲོག་ལེན་བྱེད་པའི་ཆེད་དུ་རེད་ཟེར།

 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།