ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཁྲིམས་འགལ་གྱིས་རྒྱལ་ཁོངས་བརྒལ་བའི་ཕ་མ་དང་བུ་ཕྲུག་བཙན་གྱིས་ཁ་ཁར་གཏོང་བར་ངོ་རྒོལ་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅོ་བརྒྱད་ཉིན་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཁྲིམས་འགལ་གྱིས་རྒྱལ་ཁོངས་བརྒལ་བའི་ཕ་མ་དང་བུ་ཕྲུག་བཙན་གྱིས་ཁ་ཁར་གཏོང་བའི་བྱེད་ཐབས་ལ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་བལྟས་ན། ཡུལ་གྱར་བ་དང་གནས་སྤོར་སྡོད་དམངས་ཀྱི་ལ་རྒྱར་བརྩི་འཇོག་ཐོབ་དགོས་པ་དང་། ཡུལ་གྱར་བ་དང་གནས་སྤོར་སྡོད་དམངས་ཀྱི་གནད་དོན་ཐག་གཅོད་སྐབས་རྒྱལ་སྤྱིའི་བཅའ་ཁྲིམས་དང་འཚམ་དགོས་ལ། བྱིས་པ་དང་ཕ་མ་དང་ཁ་འབྲལ་དུ་བཅུག་ནས་སེམས་ཁམས་ལ་གནོད་པ་བཟོ་མི་རུངབ་དང་། ཁྱིམ་ཚང་གང་བོ་ལྷན་འཛོམས་འབྱུང་བར་སྲུང་སྐྱོབ་བྱེད་དགོས་ཟེར།

ཏིས་ཡཱ་ལི་ཁི་ཡིས་ཉིན་དེའི་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡི་རྣམ་འགྱུར་དེ་བྱེ་བྲག་ཏུ་རྒྱལ་ཁབ་གང་རུང་ལ་དམིགས་པ་མིན་ཟེར། ཁོས་བསྟན་དོན། ཀུའུ་ཐི་ལོས་སི་ཡིས་ཨ་མེ་རི་ཁ་དང་མའོ་ཞི་ཁོའི་མཐའ་མཚམས་ནས་བྱུང་བའི་གནད་དོན་ལ་སེམས་ཁུར་བྱེད་བཞིན་ཡོད་ཟེར།

བསྒྲགས་པ་ལྟར་ན། འདས་པའི་གཟའ་འཁོར་དྲུག་གི་ནང་། ཨ་མེ་རི་ཁ་དང་མའོ་ཞི་ཁོའི་མཐའ་མཚམས་ས་ཁུལ་དུ་བསྡོམས་པས་བྱིས་པ་སྟོང་གཉིས་ཙམ་ཁྲིམས་འཛིན་མི་སྣས་བཙན་ཤེད་ཀྱིས་ཁྲིམས་འགལ་གྱིས་རྒྱལ་ཁོངས་བརྒལ་བའི་ཕ་མ་དང་ཁ་བྲལ་དུ་བཅུག་ཡོད་པ་རེད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།