ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དོགས་ཡོད་ཁོངས་མི་བཅོ་བརྒྱད་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་བཞིའི་ཉིན་ནུབ་ཕྱོགས་ཀྱི་གྲོང་ཁྱེར་དབྱེ་ཙི་མུས་ཨར་དང་ཆེས་ཆེ་བའི་གྲོང་ཁྱེར་དབྱེ་སི་ཐན་པོར་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དོགས་ཡོད་ཁོངས་མི་བཅོ་བརྒྱད་འཛིན་བཟུང་བྱས།

ཐུར་ཁེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དབྱེ་ཙི་མུས་ཨར་ནས་འཛིན་བཟུང་བྱས་པའི་དོགས་ཡོད་ཉེས་ཅན་བཅུ་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་མ་དངུལ་འདོན་སྤྲོད་བྱེད་པ་དང་མི་སྣ་བསྡུ་ལེན་མཁན་ཡིན་པའི་དོགས་གཞི་ཡོད་པ་དང་། དབྱི་སི་ཐན་པོར་ནས་འཛིན་བཟུང་བྱས་པའི་མི་བརྒྱད་ཀྱིས་རང་སྲོག་གཅོད་པའི་འཇབ་རྒོལ་སྦྱོང་བརྡར་བྱས་མྱོང་བ་དང་སི་རི་ཡཱའི་འཁྲུག་རྩོད་ས་ཁུལ་དུ་འགྲོ་འོང་བྱས་མྱོང་བར་སྐྱོན་འཛུགས་ཐེབས་ཡོད།

བསྒྲགས་པ་ལྟར་ན། ཉེན་རྟོག་ཕྱོགས་ཀྱིས་དབྱི་སི་ཐན་པོར་དུ་མི་གཞན་པ་གསུམ་འཛིན་བཟུང་བྱེད་བཞིན་ཡོད་ཟེར།

ཉེ་བའི་ལོ་འགའི་རིང་ལ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དེ་ཐུར་ཁེའི་མངའ་ཁོངས་སུ་བྱུང་བའི་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་མང་བོར་འབྲེལ་བ་ཡོད་པ་དང་། ཐུར་ཁེའི་སྲིད་གཞུང་གིས་རང་གི་མངའ་ཁོངས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་བཅས་པའི་འཇིགས་སྐུལ་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་བཏང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།