ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཅིན་ཀྲིན་ཨིན་གྱིས་ཟླ་དགུ་བའི་ནང་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་གདན་ཞུ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས14ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་ཟླ་དགུ་བར་ཨུ་རུ་སི་ལ་འཚམས་འདྲིར་ཡོང་བར་གདན་ཞུ་བྱས།

དེའི་སྔོན་ཕུའུ་ཅིན་གྱིས་མའོ་སི་ཁི་ནས་ཁྲའོ་ཞན་གྱི་ཆེས་མཐོའི་མི་དམངས་གྲོས་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཡུང་ནན་ལ་ཐུག་འཕྲད་བྱས། ཅིན་ཡུང་ནན་ཨུ་རུ་སིའི་འཛམ་གླིང་རྟགས་མའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་མགོ་རྩོམ་པའི་མཛད་སྒོར་ཞུགས་རྒྱུ་རེད།

ཟླ་ལྔ་བའི་ཚེས་སོ་གཅིག་ཉིན། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཕེན་རང་ནས་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་ལ་ཐུག་འཕྲད་བྱེད་སྐབས། ཙུང་ཐུང་ཕུའུ་ཅིན་གྱི་ཚབ་བྱས་ཏེ་ཅིན་ཀྲིན་ཨིན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་གདན་ཞུ་བྱས་པ་དང་། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཁྱོད་རང་ཨུ་རུ་སི་ལ་ཕེབས་དང་ང་ཚོ་དགའ་སྤྲོ་ཆེན་པོ་སྐྱེས་སྲིད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།