ཁྲའོ་ཞན་དང་ཨ་མེ་རི་ཁའི་འགོ་ཁྲིད་པའི་ཐུག་འཕྲད་ཐོག་མ་དེ་སིང་ག་ཕོར་ནས་སྤེལ།

7a8578405708714554409a027ad6ed13.jpg

ཟླ6པའི་ཚེས12ཉིན། ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲིན་ཨིན་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་གཉིས་ཀྱིས་སིང་ག་ཕོར་ནས་ཐུག་འཕྲད་བྱས། 

8a4e4850555ea1360da3fdff519e1ffc.bmp

ཟླ6པའི་ཚེས12ཉིན། ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲིན་ཨིན་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་གཉིས་ཀྱིས་སིང་ག་ཕོར་ནས་ཐུག་འཕྲད་བྱས། 

c1b712553bf7c293685dfe7438fc7c95.bmp

ཟླ6པའི་ཚེས12ཉིན། ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲིན་ཨིན་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་གཉིས་ཀྱིས་སིང་ག་ཕོར་ནས་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སིང་ག་ཕོར་རྒྱལ་ཁབ་ཀྱི་ཧྲིན་ཐའོ་ཧྲ་གླིང་ཕྲན་དེ་ཚེས12ཉིན་འཛམ་གླིང་ཡོངས་ཀྱི་སྨྱན་ལམ་ཁག་གིས་དོ་སྣང་བྱེད་ཡུལ་དུ་གྱུར། ཁྲའོ་ཞན་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་གཉིས་ས་དེ་ནས་ཐུག་སྟེ། ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་པའི་ཐད་གོམ་སྟབས་གལ་ཆེན་ཞིག་སྤོས།

ཡུན་རིང་པོར་ཕན་ཚུན་དགྲ་རུ་བཟུང་བའི་ཁྲའོ་ཞན་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་ཉིན་དེར་འགོ་ཁྲིད་པའི་ཐུག་འཕྲད་ཐོག་མ་སྤེལ་ནས། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བ་དང་ཞི་བདེའི་རྐྱེན་སྲོལ་འཛུགས་པ་སོགས་ཀྱི་དོན་དག་ལ་གྲོས་སྡུར་བྱས།

ས་དེའི་སྔ་དྲོའི་དུས་ཚོད་དགུ་ཡས་མས་སུ། ཧྲིན་ཐའོ་ཧྲ་གླིང་ཕྲན་སྟེང་གི་ཅ་ཕེ་ལ་མགྲོན་ཁང་གི་ར་སྐོར་དུ་ས་གདན་དམར་པོ་བཏིངས་ཡོད་ལ། ས་གདན་དམར་པོའི་དཀྱིལ་ནས་ཅིན་ཀྲིན་ཨིན་དང་ཐི་ལང་ཕུའུ་གཉིས་ཀྱིས་ཕན་ཚུན་ལ་ལག་འཇུ་བྱས་ཏེ་འཚམས་འདྲི་བྱས།

བཞུགས་གྲལ་དུ་བསྡད་རྗེས་ཐི་ལང་ཕུའུ་ཡིས་ཕྱོགས་གཉིས་ཀྱི་གྲོས་མོལ་ལེགས་འགྲུབ་འབྱུང་བར་རེ་སྒུག་བྱས་ཡོད་པ་དང་། ཕྱོགས་གཉིས་བར་དུ་འབྲེལ་བ་བཟང་པོ་འཛུགས་ཐུབ་པར་ཡིད་ཆེས་ཡོད་ཅེས་བཤད། ཅིན་ཀྲིན་ཨིན་གྱིས་དེ་རིང་ངེད་གཉིས་ཐུག་པ་འདི་ནི་ལས་སླ་མོ་ཞིག་མིན་ལ། ཕྱོགས་གཉིས་ཀྱིས་བར་ཆད་མང་པོ་སེལ་ཡོད་ཅེས་བཤད།

དེའི་རྗེས་སུ་ཁོ་གཉིས་ཀྱིས་ཡང་བསྐྱར་ལག་འཇུ་བྱས་པ་དང་གདོང་ལ་འཛུམ་གྱིས་ཁེངས། ཐི་ལང་ཕུའུ་ཡིས་ཅིན་ཀྲིན་ཨིན་ལ་མཐོ་བོང་བསྟན།

རྒྱལ་སྤྱིའི་གནད་དོན་ཀྱི་ཆེད་མཁས་པས་བལྟས་ན། ལོ་བཅུ་ཕྲག་འགའི་ཆབ་སྲིད་དགྲར་འཛིན་དང་དམག་དོན་ཁ་གཏད་ཀྱི་རྗེས་སུ། ཁྲའོ་ཞན་དང་ཨ་མེ་རི་ཁའི་འགོ་ཁྲིད་པ་ཡང་བསྐྱར་གྲོས་མོལ་གྱི་ཅོག་ཙེའི་མདུན་ནས་ཐུག་པ་ནི། ཁྲའོ་ཞན་ཕྱེད་གླིང་གི་ཛ་དྲག་ཆེ་བའི་གནས་བབ་དེ་ཞི་འཇགས་སུ་སོང་བའི་མཚོན་རྟགས་ཤིག་ཡིན་ལ། ཕྱེད་གླིང་ལ་ཞི་བདེའི་གོ་སྐབས་ཡང་བསྐྱར་འབྱུང་བའི་སྒོ་འཕར་འབྱེད་ཐུབ་པར་རེ་བ་ཆེ་ཟེར།

འཆར་གཞི་ལྟར་ན། ཁྲའོ་ཞན་དང་ཨ་མེ་རི་ཁའི་འགོ་ཁྲིད་པའི་ཐུག་འཕྲད་ཀྱི་དུས་ཡུན་ཉིན་གཅིག་རེད། ཕྱོགས་གཉིས་ཀྱིས་སྔ་གཞུག་ཏུ་འགོ་ཁྲིད་པའི་ཐུག་འཕྲད་དང་གཞི་ཁྱོན་ཆེ་བའི་སྲིད་གཞུང་གི་གྲོས་མོལ་བསྡུས་རྗེས་བྱ་བའི་གུང་ཚིགས་ལ་རོལ་དགོས། ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བའི་ཐབས་ལམ་དང་དུས་ཚོད། ད་དུང་ཨ་མེ་རི་ཁ་ཕྱོགས་ཀྱིས་ཇི་ལྟར་ཁྲའོ་ཞན་ལ་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་པ་སོགས་ནི་ཐུག་འཕྲད་ཀྱི་གྲོས་གཞི་གཙོ་བོར་འགྱུར་སྲིད།

གླེང་ཕྱོགས་ཀྱིས་བལྟས་ན། ཁྲའོ་ཞན་དང་ཨ་མེ་རི་ཁས་ཡུན་རིང་པོར་ཕན་ཚུན་ལ་ཡིད་ཆེས་མ་བྱས་པར་མ་ཟད་གནད་འགག་གི་དོན་དག་མང་པོའི་ཐད་ནས་ད་དུང་འགལ་བ་ཡོད་པས། ཐུག་འཕྲད་ཀྱི་བརྒྱུད་རིམ་དང་མཇུག་འབྲས་དེ་ད་དུང་བཤད་དཀའ་ཟེར། སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་གིས་བཤད་རྒྱུར། ཁྲའོ་ཞན་དང་ཨ་མེ་རི་ཁའི་འགོ་ཁྲིད་པའི་ལས་འགན་ཧ་ཅང་ལྕི་བས་ཐེངས་གཅིག་ལ་ཡོངས་འགྲུབ་བྱེད་ཐུབ་པ་ཞིག་མིན་མོད། ཡིན་ནའང་ཐེངས་འདིའི་ཐུག་འཕྲད་ནི་ཕྱོགས་གཉིས་གྲོས་མོལ་གྱི་ལམ་དུ་སྐྱོད་པའི་གོམ་སྟབས་དང་པོ་རེད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།