ཀྲུང་གོ་བོད་ཀྱི་དྲ་བ།

བྱང་ཆིངས་རྩ་འཛུགས་ཀྱིས་ཨ་མེ་རི་ཁ་དང་འཇར་མན་དུ་དམག་སྤྱི་ཁང་འཛུགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

6月7日,在位于比利时布鲁塞尔的北约总部,北约秘书长斯托尔滕贝格(中)主持北约防长会。.jpg

ཟླ6པའི་ཚེས7ཉིན། པུ་ལི་ཧྲིའི་པུའུ་ལུའུ་སེར་དུ་ཡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ནས། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་སྲུང་བློན་ཆེན་གྱི་གྲོས་ཚོགས་ལ་མགོ་འཛིན་བྱས།

 6月7日,在位于比利时布鲁塞尔的北约总部,北约秘书长斯托尔滕贝格举行新闻发布会。.jpg

ཟླ6པའི་ཚེས7ཉིན། པུ་ལི་ཧྲིའི་པུའུ་ལུའུ་སེར་དུ་ཡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ནས། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཚེས་བདུན་ཉིན་ཁྱབ་སྒྲོག་བྱས་དོན། བྱང་ཆིངས་རྩ་འཛུགས་ཀྱིས་ཨ་མེ་རི་ཁ་དང་འཇར་མན་དུ་དམག་སྤྱི་ཁང་འཛུགས་རྒྱུ་ཡིན་ཟེར།

བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་རྒྱལ་སྲུང་བློན་ཆེན་དག་གིས་ཉིན་དེར་པུའུ་ལུའུ་སེར་ནས་གྲོས་ཚོགས་བསྡུས། སི་ཐའོ་ཨར་ཐིན་པེ་ཀི་ཡིས་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ནུབ་ཀྱི་རྒྱ་མཚོ་ཆེན་མོའི་མཉམ་འབྲེལ་དམག་སྤྱི་ཁང་གསར་བ་དེ་ཨ་མེ་རི་ཁའི་ཧྥོ་ཅི་ནེ་ཡཱ་ཀྲིག་གི་ནོའུ་ཧྥུའུ་ཁི་ནས་བཙུགས་ཏེ། མེ་གླིང་བྱང་མ་དང་ཡོ་རོབ་གླིང་བར་གྱི་མཚོ་ཐོག་རྒྱུ་ལམ་གྱི་བདེ་འཇགས་ལ་འགན་སྲུང་བྱེད་པའི་འགན་ཁུར་རྒྱུ་ཡིན་པ་དང་། དམག་སྤྱི་ཁང་གཞན་པ་ཞིག་འཇར་མན་གྱི་ཝུའུ་ཨར་མུའུ་ནས་བཙུགས་ཏེ། ཡོ་རོབ་གླིང་གི་མཁོ་སྒྲུབ་དང་དམག་དོན་མཐུན་སྦྱོར་ཐད་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

སི་ཐའོ་ཨར་ཐིན་པེ་ཀི་ཡིས་བཤད་རྒྱུར། རྒྱལ་ཁབ་སོ་སོའི་རྒྱལ་སྲུང་བློན་ཆེན་དག་གིས་ད་རུང་དམག་དོན་བཀོད་འདོམ་ལས་ཁུངས་ཀྱི་ལས་བྱེད་མི་སྣ་སྟོང་གཅིག་དང་ཉིས་བརྒྱ་ཁ་སྣོན་བྱེད་པར་འཐད་པ་བྱུང་ཡོད་ཟེར། ཁོས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་དམག་དོན་བཀོད་འདོམ་སྒྲོམ་གཞིར་ལེགས་སྒྲིག་བྱེད་བཞིན་ཡོད་པ་དང་། གསར་དུ་བཙུགས་པའི་དམག་སྤྱི་ཁང་དེ་བྱང་ཆིངས་རྩ་འཛུགས་ཀྱིས་ཡོ་རོབ་གླིང་ནང་ཁུལ་དང་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་ཏེ་དམག་དཔུང་མངག་གཏོང་བྱེད་པར་ཕན་ཐོགས་ཡོད་ཟེར།

སི་ཐའོ་ཨར་ཐིན་པེ་ཀི་ཡིས་བཤད་རྒྱུར། ཚོགས་ཐོག་ནས་རྒྱལ་ཁབ་སོ་སོའི་རྒྱལ་སྲུང་བློན་ཆེན་གྱིས་འཐབ་འཁྲུག་གི་གྲ་སྒྲིག་ལ་ཤུགས་སྣོན་པའི་གྲོས་གཞི་ཞིག་ལ་རྒྱབ་སྐྱོར་བྱས་པ་དང་། རྒྱལ་ཁབ་སོ་སོས་ཉིས་སྟོང་ཤུ་ཉི་ལོའི་སྔོན་བྱང་ཆིངས་རྩ་འཛུགས་ལ་ཉིན་སུམ་ཅུ་དང་ཡང་ན་དེ་ལས་ཀྱང་ཐུང་བའི་དུས་ཡུན་ནང་འཕྲུལ་ཆས་ཅན་གྱི་དམག་སྒར་སུམ་ཅུ་དང་། མཁའ་དམག་རུ་ཁག་སུམ་ཅུ། འཐབ་འཁྲུག་གྲུ་གཟིངས་སུམ་ཅུ་བཅས་བཀོད་སྒྲིག་བྱེད་པའི་ནུས་པ་ལྡན་པར་འགན་སྲུང་བྱེད་རྒྱུ་ཁས་ལེན་བྱས་ཡོད་ཟེར།

སི་ཐའོ་ཨར་ཐིན་པེ་ཀི་ཡིས་ནན་གྱིས་བསྟན་དོན། དེ་ལས་བྱང་ཆིངས་རྩ་འཛུགས་ཀྱིས་དམག་དཔུང་གསར་འཛུགས་བྱས་ཏེ། ད་ཡོད་ཀྱི་དམག་དོན་སྟོབས་ཤུགས་ཀྱི་དམག་གྲབས་ནུས་པ་ཇེ་མཐོར་བཏང་ནས། སྔར་ལས་ཀྱང་ཚོད་དཔག་བྱེད་དཀའ་བའི་བདེ་འཇགས་ཁོར་ཡུག་ལ་ཁ་གཏད་འཇལ་རྒྱུ་ཡིན་པ་མཚོན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།