ཀྲུང་གོ་བོད་ཀྱི་དྲ་བ།

ཐན་ཙན་ནི་ཡཱ་ནས་མེ་འཁོར་དང་འགྲུལ་སྐྱེལ་རླངས་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐན་ཙན་ནི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་དྲུག་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་ཅི་ཀི་མཱ་ས་ཁུལ་ནས་ཉིན་དེར་དངོས་སྐྱེལ་མེ་འཁོར་ཞིག་དང་འགྲུལ་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་ད་ང། མི་ཉེར་གསུམལ་རྨས་ཕོག་ཟེར།

ཅི་ཀི་མཱ་ས་ཁུལ་གྱི་ཉེན་རྟོག་ཅུའུ་ཡི་འགན་ཁུར་བ་མཱ་ཏེན་ཨོ་ཏིས་ནོའུ་ཡིས་བཤད་རྒྱུར། ཚེས་དྲུག་ཉིན་གྱི་སྔ་དྲོར་འགྲུལ་བ་ཉི་ཤུ་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཅི་ཀི་མཱ་ས་ཁུལ་ནས་དབུས་ཕྱོགས་ཀྱི་ཐཱ་པའོ་ལཱ་ས་ཁུལ་དུ་བགྲོད་སྐབས་ལམ་བར་ནས་འགྲུལ་སྐྱེལ་རླངས་འཁོར་དེ་དངོས་སྐྱེལ་མེ་འཁོར་ཞིག་དང་ཐོ་བརྒྱབ་སྟེ་མི་སྣར་ཤི་རྨས་བྱུང་བ་རེད། ཤི་རྨས་ཐེབས་པའི་མི་སྣའི་ཐོབ་ཐང་ལ་མིག་སྔར་ངོས་འཛིན་བྱེད་བཞིན་ཡོད་ཟེར།

ཨོ་ཏིས་ནོའུ་ཡིས་བཤད་རྒྱུར། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། སྐབས་ཐོག་དེར་སྨུག་འཐིབ་ནས་རྒྱང་རིང་མི་མཐོང་བས་དེ་ནི་དོན་རྐྱེན་དེའི་འབྱུང་རྐྱེན་གཙོ་བོ་ཡིན་སྲིད།

དོན་རྐྱེན་བྱུང་རྗེས། ཉེན་རྟོག་པ་དང་རྒུད་སྐྱོབ་མི་སྣ་དག་མྱུར་མོར་དོན་རྐྱེན་བྱུང་སར་སོང་ནས་རྒུད་སྐྱོབ་བྱ་བ་སྤེལ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།