ཀྲུང་གོ་བོད་ཀྱི་དྲ་བ།

ཅོར་ཏན་གྱི་རྒྱལ་བོས་ནེ་ཀི་གཏོར་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཅོར་ཏན་གྱི་རྒྱལ་བོའི་ཕོ་བྲང་གིས་ཚེས་བཞི་ཉིན་གྱི་ཕྱི་དྲོར་གསལ་སྒྲོག་སྤེལ་ཏེ། རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་དབུ་བཞུགས་བློན་ཆེན་མུའུ་ལེ་ཅི་གཙོ་བྱས་པའི་ནེ་ཀི་གཏོར་རྒྱུ་མ་ཟད། སྔོན་ཆད་ཀྱི་སློབ་གསོའི་བློན་ཆེན་ལཱ་ཀྲ་ཚི་དབུ་བཞུགས་བློན་ཆེན་གསར་བར་བསྐོ་འཇོག་བྱས་ཟེར།

ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན། ཅོར་ཏན་སྲིད་གཞུང་གིས་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ཁྱབ་སྒྲོག་བྱས་ཏེ་དམངས་གྲོས་ཁང་ལ་གྲོས་བསྡུར་བྱེད་པར་སྤྲད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་མཛུབ་སྟོན་འོག་གི་ཅོར་ཏན་ཆེ་མཐོང་དཔལ་འབྱོར་གྱི་བཅོས་བསྒྱུར་གྱི་ཁག་ཅིག་ཡིན་པའི་ཆ་ནས། བཅའ་ཁྲིམས་འཆར་ཟིན་དེའི་དམིགས་ཡུལ་ནི་ཁྲལ་བསྡུའི་དོ་དམ་ལེགས་བཅོས་བྱེད་པ་དང་ཁྲལ་ཡོལ་ཚོད་འཛིན་བྱེད་པ། ཁྲལ་བསྡུའི་ཡོང་འབབ་ཇེ་མང་དུ་གཏོང་བའི་ཆེད་རེད། སྲིད་གཞུང་གིས་ཁ་གསབ་མེད་པར་གཏོང་བ་དང་ཁྲལ་བསྡུའི་བསྡུར་ཚད་ཇེ་མཐོར་བཏང་བས། བྱེད་ཐབས་དེར་མང་ཚོགས་ཀྱིས་ངོ་རྒོལ་དྲག་པོ་བྱས།

རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་སྲིད་གཞུང་དང་འབྲེལ་ཡོད་ཚོགས་ཁག་གིས་ཟླ་དྲུག་པའི་ཚེས་གཉིས་ཉིན་གྲོས་མོལ་བྱེད་དགོས་པའི་རེ་བ་བཏོན་ཡང་། གྲོས་མོལ་དེ་ཕམ་ཁའི་ངང་ནས་མཇུག་སྒྲིལ་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།