ཀྲུང་གོ་བོད་ཀྱི་དྲ་བ།

ཧང་ག་རིའི་གནམ་གྲུ་ཆུང་བ་ཞིག་སར་ལྷུང་ནས་མི་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གློག་སྒུལ་གནམ་གྲུ་ཆུང་བ་ཞིག་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་གྱི་ཉིན་གུང་ཧང་ག་རིའི་ལྷོ་ཕྱོགས་ཀྱི་པཱ་ལན་ནེ་ཡཱ་ཀྲིག་ནས་སར་ལྷུང་སྟེ། གནམ་གྲུའི་སྟེང་གི་སྐྱེས་པ་གཉིས་རྐྱེན་ལམ་དུ་ཤོར།

བསྒྲགས་པ་ལྟར་ན། སར་ལྷུང་བའི་གནམ་གྲུ་ནི་མཱ་ཀི་ནོའུ་སི་ཀུང་ཟིའི་གློག་སྒུལ་གནམ་གྲུ་ཞིག་ཡིན་པ་དང་། གནམ་གྲུ་དེ་འཕུར་ནས་བར་སྣང་དུ་ལྡིང་སྐོར་གཉིས་བརྒྱབ་རྗེས་མེར་འབར་ནས་སར་ལྷུང་བ་རེད་ཟེར།

མིག་སྔར་གནམ་གྲུ་མེར་འབར་ནས་སར་ལྷུང་བའི་རྒྱུ་རྐྱེན་གསལ་བོར་མི་ཤེས་པ་དང་ཉེན་རྟོག་ཕྱོགས་ཀྱིས་རྟོག་ཞིབ་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།