ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་དང་ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཁི་ཧྲི་མུས་ཨར་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དངོས་འབེབ་བྱེད་པར་འཐད་པ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱ་གར་དམག་ཕྱོགས་ཀྱི་མགྲིན་ཚབ་པས་ཟླ་ལྔ་བའི་ཚེས་སུམ་ཅུའི་ཉིན་བདེན་དཔང་བྱས་དོན། ཕཱ་ཁི་སི་ཐན་དང་རྒྱ་གར་རྒྱལ་ཁབ་གསུམ་གྱི་དམག་ཕྱོགས་མཐོ་རིམ་དཔོན་པོས་ཟླ་ལྔ་བའི་ཚེས་ཉེར་དགུའི་ཉིན་ཁ་པར་འབྲེལ་གཏུག་བྱས་ཏེ། ཕྱོགས་གཉིས་ཀྱིས་ཉིས་སྟོང་གསུམ་ལོར་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ཕྱོགས་ཡོངས་ནས་དངོས་འབེབ་བྱས་ཏེ། ཁི་ཧྲི་མུས་ཨར་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་འཐད་པ་བྱུང་ཟེར།

རྒྱ་གར་དམག་ཕྱོགས་ཀྱིས་སྤེལ་བའི་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཕྱོགས་གཉིས་ཀྱི་དམག་དོན་བཀོད་འདོམ་དཔོན་པོས་ཉིས་སྟོང་གསུམ་ལོར་རྒྱལ་ཁབ་གཉིས་ཀྱིས་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དངོས་འབེབ་བྱས་ཏེ། ཕྱོགས་གཉིས་ཀྱིས་གྲོས་མཐུན་དང་འགལ་བའི་བྱ་སྤྱོད་མི་སྤེལ་བར་འགན་སྲུང་བྱེད་པར་འཐད་པ་བྱུང་བ་དང་། གལ་སྲིད་གནས་ཚུལ་འདྲ་བྱུང་ན། ཕྱོགས་གཉིས་ཀྱིས་རང་ཚོད་བཟུང་ཞིང་མིག་སྔའི་འབྲེལ་གཏུག་ཁ་པར་དང་དམག་དོན་བཀོད་འདོམ་དཔོན་པོའི་གྲོས་ཚོགས་ལ་བརྟེན་ནས་ཐག་གཅོད་བྱེད་པར་གཅིག་གྱུར་འཐད་པ་བྱུང་བ་རེད་ཟེར།

ཕཱ་ཁི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་ཟླ་ལྔ་བའི་ཚེས་སུམ་ཅུའི་ཉིན་བསྒྲགས་པ་ལྟར་ན། ཕཱ་ཁི་སི་ཐན་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་དམག་དོན་འཐབ་འཁྲུག་ཁྲུའུ་ཡི་མགོ་བས་ཟླ་ལྔ་བའི་ཚེས་ཉེར་དགུའི་ཉིན་ཁ་པར་བརྒྱུད་དེ། ཁི་ཧྲི་མུས་ཨར་ས་ཁུལ་གྱི་མིག་སྔའི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། ལྷག་བསམ་རྣམ་དག་གི་བྱེད་ཐབས་སྤྱད་དེ་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་ནས་ས་ཁུལ་གྱི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པར་འཐད་པ་བྱུང་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།