ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཟླ་ལྔ་བའི་ཚེས་ཉེར་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་འགུལ་སྐྱོད་སྤེལ་ཏེ། ཉིན་དེའི་ཞོགས་པར་དབྱི་སི་རལ་ལྷོ་ཕྱོགས་ཀྱི་ཨེ་ཧྲི་ཁི་ཨར་ས་ཁུལ་དུ་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་ལན་སྤྲད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་གསལ་སྒྲོག་ནང་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་ཉེ་འདབས་ནས་ཐོས་པའི་འགས་གཏོར་གྱི་སྒྲ་ནི་དབྱི་སི་རལ་གྱི་དམག་དཔུང་གི་ཐེངས་འདིའི་དམག་དོན་འགུལ་སྐྱོད་ལ་འབྲེལ་བ་ཡོད་ཟེར།

བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་པ་རེད།

མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ཐད་ནས་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཟླ་ལྔ་བའི་ཚེས་ཉེར་དགུའི་ཉིན་བཤད་རྒྱུར། དབྱི་སི་རལ་གྱིས་རང་ནུས་གང་ཡོད་ཀྱིས་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།