ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་དང་ཧན་གོའི་མགོ་ཁྲིད་པས་མུ་མཐུད་དུ་ལྷོ་བྱང་གི་འབྲེལ་བ་དང་ཁྲའོ་ཞན་དང་ཨ་མེ་རི་ཁའི་འབྲེལ་བ་ལེགས་བཅོས་བྱེད་པའི་ཐད་ནས་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས27ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་དང་ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཚེས་ཉེར་དྲུག་ཉིན་པན་མིན་མགྲོན་ཁང་གི་ཁྲའོ་ཞན་ཕྱོགས་ནས་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་གང་མགྱོགས་སྒོས་ཟླ་སྔོན་མར་བཀོད་པའི་པན་མིན་མགྲོན་ཁང་གི་བསྒྲགས་གཏམ་དངོས་འབེབས་བྱེད་པ་དང་མུ་མཐུད་དུ་ལྷོ་བྱང་གི་འབྲེལ་བ་དང་ཁྲའོ་ཞན་དང་ཨ་མེ་རི་ཁའི་འབྲེལ་བ་ལེགས་བཅོས་བྱེད་པའི་ཐད་ནས་གྲོས་མཐུན་བཀོད་ཟེར།

ཅིན་ཀྲིན་ཨིན་གྱིས་ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་ཁྲིད་པའི་གྲོས་མོལ་ཡིད་ཆེས་བརྟན་པོ་བཅངས་ཡོད་པའི་ཚུལ་བསྟན། ཅིན་ཀྲིན་ཨིན་དང་ཝུན་ཙེ་ཡུན་གཉིས་ཀྱིས་ཟླ་དྲུག་པའི་ཚེས་གཅིག་ཉིན་ལྷོ་བྱང་གི་མཐོ་རིམ་གྲོས་མོལ་བྱེད་པར་འཐད་པ་བྱུང་བ་དང་། ཕྱོགས་གཉིས་ཀྱི་དམག་ཕྱོགས་གྲོས་མོལ་དང་རྒྱ་གྲམ་དམར་པོ་ཚོགས་པའི་གྲོས་མོལ་ལ་མྱུར་མོར་ཡར་སྐུལ་གཏོང་བ་སོགས་ཀྱི་ཐད་ནས་གཅིག་གྱུར་གྲོས་འཆམ་བྱུང་། ཅིན་ཀྲིན་ཨིན་གྱིས་ལྷོ་བྱང་ཕྱོགས་གཉིས་ཀྱིས་ཕྱིན་ཆད་ཁྲའོ་ཞན་དང་ཨ་མེ་རི་ཁའི་འབྲེལ་བ་ལེགས་བཅོས་བྱེད་པ་དང་། ཁྲའོ་ཞན་ཕྱེད་གླིང་གི་ཡུན་རིང་གཏན་འཇགས་ཀྱི་ཞི་བདེའི་རྐྱེན་སྲོལ་འཛུགས་པ་སོགས་ཀྱི་ཐད་ནས་མཉམ་ལས་གང་ལེགས་བྱེད་དགོས་པའི་གྲོས་གཞི་བཏོན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།