ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་ཅིན་ཀྲིན་ཨིན་བར་གྱི་སིང་ག་ཕོར་གྱི་གྲོས་མོལ་རྩིས་མེད་དུ་བཏང་བ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་ཉེར་བཞིའི་ཉིན་བཤད་རྒྱུར། ཉེ་སྔོན་ཁྲའོ་ཞན་གྱིས་མངོན་སུམ་འཛེམ་མེད་ཀྱིས་དགྲར་འཛིན་རྣམ་འགྱུར་བསྟན་པས། ཁོས་ཟླ་དྲུག་པའི་ཟླ་དཀྱིལ་དུ་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་དང་མཉམ་དུ་སིང་ག་ཕོར་ནས་གྲོས་མོལ་བྱེད་པའི་བྱ་བ་དེ་རྩིས་མེད་དུ་གཏོང་རྒྱུ་ཐག་བཅད་པ་ཡིན་ཟེར།

ཕོ་བྲང་དཀར་པོས་ཉིན་དེའི་སྔ་དྲོར་ཐི་ལིང་ཕུའུ་ཡིས་ཅིན་ཀྲིན་ཨིན་ལ་བསྐུར་བའི་འཕྲིན་ཡིག་ཅིག་ཁྱབ་སྒྲོག་བྱས། ཐི་ལིང་ཕུའུ་ཡིས་འཕྲིན་ཡིག་ནང་བཤད་རྒྱུར། ཁོས་ཅིན་ཀྲིན་ཨིན་དང་གྲོས་མོལ་བྱེད་པར་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་ཀྱང་། ཁྲའོ་ཞན་ཕྱོགས་ཀྱིས་ཉེ་སྔོན་སྡང་སེམས་ཆེན་པོ་སྐྱེས་ནས་དགྲར་འཛིན་གྱི་རྣམ་འགྱུར་བསྟན་པ་དང་། ཁོས་བསམ་ན་མིག་སྔར་དེ་འདྲའི་ཡུན་རིང་ལ་འཆར་འགོད་བྱས་པའི་གྲོས་མོལ་སྤེལ་བར་མི་འཚམ་པར་འདོད་ཡོད་ཟེར།

ཐི་ལིང་ཕུའུ་ཡིས་ད་རུང་བཤད་རྒྱུར། ཁོས་བལྟས་ན་ཁྲའོ་ཞན་གྱིས་ཐེངས་འདིར་གོ་སྐབས་བཟང་བོ་ཤོར་དུ་བཅུག་པར་བསམ་ཡོད་ཀྱང་། མ་འོངས་པར་ཅིན་ཀྲིན་ཨིན་དང་གྲོས་མོལ་བྱེད་པར་སྔར་བཞིན་རེ་སྒུག་བྱས་ཡོད། ཁོའི་བསམ་པར་རང་ཉིད་ཀྱིས་ཅིན་ཀྲིན་ཨིན་བར་འབྲེལ་བ་བཟང་བོ་བཙུགས་ཡོད་པར་འདོད་ཀྱང་། མཇུག་མཐར་དངོས་སུ་ནུས་པ་ཐོན་ཐུབ་པ་ནི་སྔར་བཞིན་གྲོས་མོལ་བྱེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།