ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དམག་དཔུང་གིས་བར་སྣང་འཇབ་རྒོལ་བྱས་ཏེ་སོ་མཱ་ལིའི་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་བཅུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཨ་ཧྥེ་རི་ཁ་གླིང་དམག་སྤྱི་པུའུ་ཡིས་ཚེས་ཉེར་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གིས་ཚེས་ཉེར་གསུམ་ཉིན་སོ་མཱ་ལིའི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་ཏེ། རྩ་འཛུགས་དེའི་དྲག་ཆས་ཉེས་ཅན་བཅུ་བསད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་བར་སྣང་འཇབ་རྒོལ་ནི་སོ་མཱ་ལིའི་སྲིད་གཞུང་གི་མཐུན་སྦྱོར་འོག་སྤེལ་བ་ཡིན་ཞིང་། ཆམ་ཕབ་གཏོང་སའི་དམིགས་འབེན་ནི་སོ་མཱ་ལིའི་རྒྱལ་ས་མའོ་ཅཱ་ཏིས་ཧྲའི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་ཉེར་བཞིའི་མཚམས་སུ་ཡོད་པའི་ས་ཁོངས་ཡིན་པ་རེད།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་མུ་མཐུད་དུ་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སོ་མཱ་རུ་སྡོད་པའི་ཆེད་མངག་ཚོགས་པ་དང་སོ་མཱ་ལིའི་བདེ་འཇགས་དམག་དཔུང་བར་མཉམ་ལས་བྱས་ཏེ། འཇིགས་སྐུལ་ཉེས་ཅན་དང་དེའི་འགེབས་སྲུང་ཁང་དང་སྦྱོང་བརྡར་སྒར་ས་སོགས་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།