ཀྲུང་གོ་བོད་ཀྱི་དྲ་བ།

རང་བཙན་མཉམ་འབྲེལ་ཐུན་མོང་ཚོགས་པའི་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་དམིགས་བསལ་དམག་དཔུང་གིས་མཉམ་འབྲེལ་འཐབ་རྩལ་སྦྱོང་བརྡར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རང་བཙན་མཉམ་འབྲེལ་ཐུན་མོང་ཚོགས་པའི་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་དམིགས་བསལ་དམག་དཔུང་གིས་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཉིས་ཉིན་བར་ཧཱ་སག་སི་ཐན་གྱི་མངའ་ཁོངས་སུ་མཉམ་འབྲེལ་འཐབ་རྩལ་སྦྱོང་བརྡར་བྱས། ཨུ་རུ་སི་དང་ཧཱ་སག་སི་ཐན། ཨུ་རུ་སི་དཀར་པོ། ཅིར་ཅི་སི་སི་ཐན། ཨེ་མེ་ནི་ཡཱ། ཐཱ་ཅི་ཁི་སི་ཐན་བཅས་རང་བཙན་མཉམ་འབྲེལ་ཐུན་མོང་ཚོགས་པའི་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དྲུག་གི་དམིགས་བསལ་དམག་དཔུང་གི་དམག་མི་བདུན་བརྒྱ་ལྷགག་སྦྱོང་བརྡར་ལ་ཞུགས་པ་དང་། མཚོན་ཆ་དང་སྒྲིག་ཆས་བདུན་ཅུ་ལྷག་དང་དམག་བཀོལ་གནམ་གྲུ་ལྔ་བཀོལ་སྤྱོད་བྱས། སྦྱོང་བརྡར་ལས་ཁོངས་གཏོགས་རྒྱལ་ཁབ་དག་གི་དམིགས་བསལ་དམག་དཔུང་གིས་མཉམ་འབྲེལ་འགུལ་སྐྱོད་ལ་བརྟེན་ནས་ཁྲིམས་འགལ་དྲག་ཆས་རྩ་འཛུགས་ཚར་གཅོད་བྱེད་པའི་རྣམ་པར་ལད་བཟོ་བྱས་པ་དང་། དམིགས་ཡུལ་ནི་རང་བཙན་མཉམ་འབྲེལ་ཐུན་མོང་ཚོགས་པའི་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་དམིགས་བསལ་དམག་དཔུང་གིས་མཉམ་འབྲེལ་འགུལ་སྐྱོད་སྤེལ་བའི་མཐུན་སྦྱོར་ནུས་པ་ཇེ་མཐོར་གཏོང་བའི་ཆེད་དུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།