ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་མི་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝུའུ་ཁི་ལན་ནུབ་ཕྱོགས་ཀྱི་ལེ་ཨོ་ཧྥུའུ་ཀྲིག་ནས་ཚེས་ཉེར་གསུམ་ཉིན་རླངས་འཁོར་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་གསུམ་ལ་རྨས་ཕོག

བསྒྲགས་པ་ལྟར་ན། ཉིན་དེའི་སྔ་དྲོར། ལེ་ཨོ་ཧྥུའུ་ཀྲིག་གི་ཝེ་ཨར་པུའུ་ལེ་ཡཱ་ནེ་གྲོང་རྡལ་ཉེ་འདབས་སུ། འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་སྟེ། མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་གསུམ་ལ་རྨས་ཕོག རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།

གཞན་ཡང་ཝུའུ་ཁི་ལན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་ཆུང་བའི་སྟེང་གི་འགྲུལ་བ་ཚང་མ་ནི་ཝུའུ་ཁི་ལན་གྱི་མི་ཡིན་པ་དང་། ཁོ་ཚོ་ཅེ་ཁི་ནས་ཕྱིར་ཝུའུ་ཁི་ལན་དུ་ལོག་པ་རེད་ཟེར།

མིག་སྔར་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།