ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་གྲོས་མོལ་དེ་རྗེས་སུ་སྣུར་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

5月22日,美国总统特朗普(左二)在华盛顿白宫欢迎到访的韩国总统文在寅(左三)。.jpg

ཟླ5བའི་ཚེས22ཉིན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཝ་ཧྲིན་ཐོན་གྱི་ཕོ་བྲང་དཀར་པོ་ནས་འཚམས་འདྲིར་ཡོང་བའི་ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་ལ་དགའ་བསུ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་ཉེར་གཉིས་ཉིན་བསྟན་དོན། ཁོ་དང་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱི་གྲོས་མོལ་དེ་རྗེས་སུ་སྣུར་སྲིད་ཟེར།

ཐི་ལིང་ཕུའུ་ཡིས་ཉིན་དེར་ཕོ་བྲང་དཀར་པོ་ནས་འཚམས་འདྲིར་ཡོང་བའི་ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་དང་མཉམ་དུ་གསར་འགོད་པར་སྣེ་ལེན་བྱེད་སྐབས་བསྟན་དོན། ཁོ་དང་ཅིན་ཀྲིན་ཨིན་གྱི་གྲོས་མོལ་དེ་ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་སྤེལ་མི་ཐུབ་ཀྱང་ཁྲིགས་ཁྲིགས་མེད་ཟེར། ཁོས་བཤད་རྒྱུར། གལ་ཏེ་གྲོས་མོལ་དེ་གཏན་འཁེལ་བྱས་པའི་དུས་ཚོད་ནང་སྤེལ་མ་ཐུབ་ན། དེའི་རྗེས་སུ་སྤེལ་སྲིད་པ་དང་། མིག་སྔར་འབྲེལ་འདྲིས་བྱེད་བཞིན་པའི་སྒང་ཡིན་ཟེར།

ཐི་ལིང་ཕུའུ་ཡིས་ད་རུང་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་གྲོས་མོལ་ལ་ཆ་རྐྱེན་བཏོན་ཡོད་པ་དང་། གལ་ཏེ་ཨ་མེ་རི་ཁ་ཕྱོགས་ཀྱི་རེ་བ་མ་བསྐང་ན་གྲོས་མོལ་དེ་སྤེལ་མི་སྲིད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།