ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱི་དབྱི་ལིང་ལ་དམིགས་པའི་བྱེད་ཐབས་གསར་བའི་ཐད་ནས་རྒོལ་ལན་སྤྲད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

图片来自伊朗总统官方网站.jpg

པར་འདི་ནི་དབྱི་ལིང་གི་ཙུང་ཐུང་དཔོན་ཕྱོགས་དྲ་ཚིགས་ཀྱིས་འདོན་སྤྲོད་བྱས་པ་ཡིན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱི་དབྱི་ལིང་ལ་དམིགས་པའི་བྱེད་ཐབས་གསར་བའི་སྐོར་གྱི་གཏམ་བཤད་ལ་རྒོལ་ལན་སྤྲད། ཁྱོད་ཀྱིས་རང་ཉིད་སུ་ཡིན་འདོད་ཡོད་དམ། འཛམ་གླིང་གི་ཚབ་བྱས་ཏེ་དབྱི་ལིང་དང་རྒྱལ་ཁབ་གཞན་པར་ཐག་གཅོད་ཐུབ་བམ། ད་ལྟའི་འཛམ་གླིང་ཧྲིལ་བོས་ཨ་མེ་རི་ཁས་ཁོ་ཚོའི་བར་ཐག་གཅོད་བྱེད་པར་དང་ལེན་བྱེད་མི་སྲིད་ཟེར།

དབྱི་ལིང་གི་ཙུང་ཐུང་གིས་གཏམ་བཤད་སྤེལ་སྐབས་ད་རུང་བསྟན་དོན། ད་ལྟའི་འཛམ་གླིང་ལ་ལྷག་ཏུ་མཁོ་བ་ནི་ཕན་ཚུན་རོགས་སྐྱོར་ཡིན། ཨ་མེ་རི་ཁའི་མགོ་ཁྲིད་ཚན་ཁག་གསར་བས་ཨ་མེ་རི་ཁའི་སྲིད་ཇུས་དེ་ལོ་བཅོ་ལྔས་ཕྱིར་ལྡོག་བྱེད་དུ་བཅུག་ཡོད་པ་དང་། འཇིགས་སྐུལ་གྱི་གཏམ་བརྗོད་སྤེལ་བའི་དུས་རབས་སྔ་མོ་ནས་མཇུག་རྫོགས་ཡོད། ང་ཚོའི་མི་དམངས་དེ་འདྲའི་གཏམ་བརྗོད་ལ་སུན་སྣང་སྐྱེས་ཡོད་པ་དང་དེ་སྣང་མེད་དུ་བསྐྱུར་སྲིད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།