ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མིས་བཟོས་རིག་ནུས་བེད་སྤྱོད་གང་ལེགས་བྱས་ཏེ་མིའི་རིགས་ཡོངས་ལ་བདེ་སྐྱིད་བསྐྲུན་དགོས་པའི་འབོད་སྐུལ་བཏང་བ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན་ནི་འཛམ་གླིང་གློག་འཕྲིན་དང་བརྡ་འཕྲིན་སྤྱི་ཚོགས་ཉིན་མོ་ཡིན། རྒྱལ་སྤྱིའི་གློག་འཕྲིན་མནའ་འབྲེལ་གྱིས་ད་ལོའི་བརྗོད་སྙིང་ནི་མིས་བཟོས་རིག་ནུས་ཀྱི་རྒྱུན་ལྡན་བེད་སྤྱོད་ལ་ཡར་སྐུལ་བཏང་ནས་མིའི་རིགས་ཡོངས་ལ་བདེ་སྐྱིད་སྐྲུན་དགོས་ཞེས་པ་དེ་གཏན་འཁེལ་བྱས་ཏེ། མིས་བཟོས་རིག་ནུས་ཀྱི་སྦས་ཤུགས་སྔོག་འདོན་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མྱུར་དུ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་བརྙན་རིས་ཞུ་ཚིག་ཕུལ་ཏེ། རྒྱལ་སྤྱིའི་གློག་འཕྲིན་མནའ་འབྲེལ་གྱིས་འཛམ་གླིང་ཡོངས་ཀྱི་བར་ཁྱད་ཆེ་ཆུང་དུ་གཏོང་བ་དང་ཕན་ཚུན་གཅིག་འབྲེལ་མངོན་འགྱུར་བྱེད་པའི་ཐད་འབད་བརྩོན་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཚང་མས་མིས་བཟོས་རིག་ནུས་ཀྱས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མྱུར་དུ་མངོན་འགྱུར་བྱེད་པའི་ཐད་ཀྱི་སྦས་ཤུགས་ཆེན་པོར་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་།

ད་ལོའི་འཛམ་གླིང་གློག་འཕྲིན་དང་བརྡ་འཕྲིན་སྤྱི་ཚོགས་ཉིན་མོ་དེ་རྒྱལ་སྤྱིའི་གློག་འཕྲིན་མནའ་འབྲེལ་གྱི་སྐབས་གཉིས་པའི་མིས་བཟོས་རིག་ནུས་ཀྱིས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་པའི་འཛམ་གླིང་ཡོངས་ཀྱི་མཐོ་རིམ་གྲོས་ཚོགས་སྤེལ་བའི་སྐབས་དང་འཁེལ་ཡོད། རྒྱལ་སྤྱིའི་གློག་འཕྲིན་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀྲའོ་ཧིག་ལིན་གྱིས་མཚམས་སྦྱོར་བྱས་དོན། ན་ནིང་སྐབས་དང་པོའི་མཐོ་རིམ་གྲོས་ཚོགས་ཀྱིས་མིས་བཟོས་རིག་ནུས་ཀྱིས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་པའི་སྦས་ཤུགས་ཐད་ནས་འཛམ་གླིང་ཡོངས་ཀྱི་གྲོས་མོལ་སྤེལ། ད་ལོར་འགུལ་སྐྱོད་ཁ་ཕྱོགས་སུ་བྱས་ཏེ་མིས་བཟོས་རིག་ནུས་སྐོར་ཞིག་གི་མིའི་རིགས་ཡོངས་ཀྱི་འཚོ་བའི་རྒྱུ་སྤུས་ཇེ་མཐོར་གཏོང་བ་དང་རྒྱུན་མཐུད་འཕེལ་རྒྱས་ཐད་ཀྱི་དོན་དངོས་སྤྱོད་སྒོ་གཏན་འཁེལ་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།