ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཚོགས་པའི་ལག་བསྟར་དྲུང་ཡིག་གིས་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞིར་གདེང་འཇོག་ཆེན་པོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཚོགས་པའི་ལོ་ཚོགས་སྐབས་དོན་བཞི་བ་ཚེས་བཅུ་བཞིའི་ཉིན་ཐེ་གོའི་མན་ཀུའུ་ནས་ཚོགས་མགོ་བརྩམས། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཚོགས་པའི་ལག་བསྟར་དྲུང་ཡིག་ཨ་ཧི་ཐཱ་ཨར་གྱིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེ་ཞུ་ཚིག་འབུལ་སྐབས། བརྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དེ་འཛམ་གླིང་ཡོངས་དང་ས་ཁུལ་གྱི་མཉམ་ལས་ལ་དོན་སྙིང་གལ་ཆེན་ལྡན་པར་གདེང་འཇོག་ཆེན་པོ་བྱས།

ཨ་ཧི་ཐཱ་ཨར་གྱིས་བལྟས་ན། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ནི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་འཕེལ་རྒྱས་ཀྱི་ཁྱད་སྟོབས་གལ་ཆེན་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་བརྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་ལ་དོན་སྙིང་གལ་ཆེན་ལྡན། དེས་ས་ཁོངས་ཀྱི་དཔལ་འབྱོར་གཞི་གཅིག་ཅན་ལ་ཡར་སྐུལ་ཐུབ་པ་དང་། ས་ཁོངས་ཀྱི་གཅིག་ལ་གཅིག་འབྲེལ་གྱི་དྲ་རྒྱས་ཡོངས་སུ་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྲིད་ལ། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འཕེལ་རྒྱས་ཐད་སྟོབས་དང་ལྡན་པའི་སྒུལ་ཤུགས་ཁ་སྣོན་བྱས་ཡོད་ཟེར།

ཨ་ཧི་ཐཱ་ཨར་གྱིས་ཀྲུང་གོ་ཡིས་གསར་སྐྲུན་འཕེལ་རྒྱས་ཁྱབ་ཁོངས་ནས་བླངས་པའི་གྲུབ་འབྲས་གལ་ཆེན་དང་སྦས་ཤུགས་ཆེན་པོར་གདེང་འཇོག་ཆེན་པོ་བྱས། ཀྲུང་གོ་དང་འཛམ་གླིང་ཡོངས་ཀྱི་ཚན་རྩལ་གསར་སྐྲུན་ཁྱབ་ཁོངས་ཀྱི་སྣེ་ཁྲིད་པ་ཡིན་ཞིང་། མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་སུ་འཛམ་གླིང་ཡོངས་ཀྱི་གསར་སྐྲུན་བྱ་འགུལ་གྱི་ལྟེ་བར་འགྱུར་བཞིན་ཡོད། ཚན་རྩལ་གསར་བརྗེ་ཡིས་འཛམ་གླིང་གི་དཔལ་འབྱོར་ལ་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ཐེབས་སྲིད་པར་མ་ཟད། རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་ཐབས་ལམ་གསར་དུ་བཏོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།