ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་གྱི་མཛེས་ལྗོངས་ས་ཁུལ་གྱི་ཟམ་ཆེན་ཞིག་བརྡིབས་ནས་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་སོ་དྲུག་གར་སོང་རྙེད་མེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་གསུམ་ཉིན་བསྒྲགས་པ་ལྟར་ན། ཕཱ་ཁི་སི་ཐན་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་གྱི་ནེ་ལུའུ་མུའུ་གྲོག་རོང་ས་ཁུལ་གྱི་ཟམ་ཆེན་ཞིག་ལ་ཉིན་དེར་བརྡིབས་སྐྱོན་ཤོར་ནས། ཉུང་མཐར་ཡང་ཟམ་ཆེན་སྟེང་དུ་མཛེས་ལྗོངས་ལ་ལྟ་བཞིན་པའི་གནས་སྐོར་བ་བཞི་བཅུ་གཙང་བོའི་ནང་ལྷུང་། རྒུད་སྐྱོབ་མི་སྣས་འདས་པོའི་བེམ་པོ་བཞི་རྙེད་པ་དང་། དེའི་འཕྲོ་མ་གར་སོང་རྙེད་མེད་ཟེར།

ནེ་ལུའུ་མུའུ་གྲོག་རོང་ས་ཁུལ་གྱི་དཔོན་རིགས་ཀྱིས་གསར་འགོད་པར་བཤད་རྒྱུར། དོན་རྐྱེན་དེ་བྱུང་སྐབས་ཉུང་མཐར་ཡང་གནས་སྐོར་བ་བཞི་བཅུས་ཟམ་པའི་སྟེང་པར་ལེན་བཞིན་ཡོད་པ་དང་། ཟམ་པས་ལྗིད་མ་ཐེག་པར་རྡིབས་སྐྱོན་ཤོར་བ་རེད། ཟམ་སྟེང་གི་འགྲུལ་བ་དག་གཙང་བོའི་ནང་ལྷུང་ནས་ཆུ་རྒྱུན་དྲག་པོས་ཁུར་བ་རེད་ཟེར།

རྒུད་སྐྱོབ་མི་སྣས་གནས་སྐོར་བ་བཞིའི་བེམ་པོ་རྙེད་ཡོད་པ་དང་། གཙང་བོར་ལྷུང་བའི་གནས་སྐོར་བ་གཞན་པའི་གནས་ཚུལ་མིག་སྔར་གསལ་བོར་མི་ཤེས་ལ། རྒུད་སྐྱོབ་བྱ་བ་སྤེལ་བཞིན་པའི་སྒང་ཡིན། གཙང་བོའི་བཞུར་རྒྱུན་དྲག་པས་རྒུད་སྐྱོབ་བྱ་བར་དཀའ་ཁག་བཟོས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།