ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཧཱ་ཏིས་ཨར་གྱིས་དམ་བཅའ་བཞག་སྟེ་མཱ་ལེ་ཞི་ཡཱའི་སྐབས་གསར་བའི་སྲིད་གཞུང་གི་ཙུང་ལིའི་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

5月10日,在马来西亚必打灵查亚,马哈蒂尔宣誓就任总理后出席新闻发布会。.jpg

ཟླ5བའི་ཚེས10ཉིན། མཱ་ལེ་ཞི་ཡཱའི་པུས་ཏཱ་ལིན་ཁྲ་ཡཱ་ནས། མཱ་ཧཱ་ཏིས་ཨར་གྱིས་དམ་བཅའ་བཞག་སྟེ་ཙུང་ལིའི་འགན་ཁུར་རྗེས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ངོ་རྒོལ་ཏང་ཁག་ཁྲིད་དེ་མཱ་ལེ་ཞི་ཡཱའི་འདེམ་བསྐོའི་ཆེན་མོའི་ཁྲོད་རྒྱལ་ཁ་བླངས་པའི་སྔོན་ཆད་ཀྱི་ཙུང་ལི་མཱ་ཧཱ་ཏིས་ཨར་གྱིས་ཚེས་བཅུ་ཉིན་གྱི་དགོང་མོར་རྒྱལ་ཁབ་རྒྱལ་བོའི་ཕོ་བྲང་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར། དེ་ནི་ལོ་བཅོ་ལྔའི་རྗེས་སུ་ཡང་བསྐྱར་ཙུང་ལིའི་འགན་ཁུར་བ་ཡིན་ལ། དགུང་ལོ་གོ་གཉིས་ལ་བུད་པའི་མཱ་ཧཱ་ཏིས་ཨར་ཡང་མིག་སྔར་འཛམ་གླིང་སྟེང་ལོ་ན་ཆེས་མཐོ་བའི་སྲིད་གཞུང་གི་མགོ་ཁྲིད་པར་གྱུར་ཡོད།

མཱ་ལེ་ཞི་ཡཱའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཉིན་དེའི་ཞོགས་པར་ཁྱབ་སྒྲོག་བྱས་པའི་འདེམ་བསྐོའི་མཇུག་འབྲས་ལྟར་ན། མཱ་ཧཱ་ཏིས་ཨར་གྱིས་ཁྲིད་པའི་ངོ་རྒོལ་ཏང་ཞེ་བའི་མནའ་འབྲེལ་དེ་བསྟུད་མར་སྲིད་བཟུང་ནས་ལོ་ངོ་དྲུག་ཅུ་འགོར་བའི་རྒྱལ་དམངས་འཐབ་ཕྱོགས་ལས་རྣམ་པར་རྒྱལ་བ་དང་། རྒྱལ་ཚོགས་ཀྱི་གྲོས་ཁང་ཞོལ་མའི་ལས་གནས་ཕྱེད་ཀའི་ཡན་ཐོབ་ཡོད་ལ། སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པའི་ཐོབ་ཐང་ལྡན་པ་རེད།

མཱ་ལེ་ཞི་ཡཱའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་པའི་བརྙན་རིས་ལྟར་ན། མཱ་ཧཱ་ཏིས་ཨར་གྱིས་ཉིན་དེའི་དགོང་མོར་ལུས་ལ་མཱ་ལེ་ཞི་ཡཱའི་སྲོལ་རྒྱུན་གྱི་ལྭ་བ་གྱོན་ཡོད་པ་དང་། ཆེས་མཐོའི་གཙོ་འཛིན་མུའུ་ཧན་མའོ་ཏི་སྐུ་ཕྲེང་ལྔ་བའི་བདེན་དཔང་འོག་དམ་བཅའ་བཞག ཁོ་དང་མཉམ་དུ་ལས་འགན་ཁུར་བའི་མཛད་སྒོ་ཡོངས་འགྲུབ་བྱེད་མཁན་ལ་ད་རུང་ཁོའི་ཆུང་མ་དང་། ཞེ་བའི་མནའ་འབྲེལ་གྱི་ཁོངས་གཏོགས་མགོ་ཁྲིད་པ་རེ་འགའ་ཡོད་པ་རེད།

མཱ་ཧཱ་ཏིས་ཨར་གྱིས་གྱིས་གཅིག་སྟོང་དགུ་བརྒྱ་གྱ་གཅིག་ལོ་ནས་ཉིས་སྟོང་གསུམ་ལོའི་བར་ལོ་ངོ་ཉེར་གཉིས་ལ་ཙུང་ལིའི་འགན་ཁུར་བ་དང་། མཱ་ལེ་ཞི་ཡཱའི་ལས་འགན་ཁུར་ཡུན་ཆེས་རིང་བའི་ཙུང་ལི་རེད། ཙུང་ལིའི་འགན་ཁུར་བའི་སྐབས་སུ། ཁོས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་འབད་འབུངས་བྱས་པས། ད་ལྟའི་བར་དུའང་མཱ་ལེ་ཞི་ཡཱའི་མི་མང་བོས་ཁོ་ལ་བཀུར་གཟོ་བླ་མེད་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།