ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་དང་དབྱི་ལིང་གི་ཙུང་ཐུང་གིས་མཉམ་དུ་འབད་བརྩོན་བྱས་ཏེ་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དངོས་འབེབ་བྱེད་པར་གྲོས་འཆམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་དགུའི་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་གཉིས་ཀྱིས་ཉིན་དེར་ཁ་པར་གྲོས་མོལ་བྱས་ཏེ། མཉམ་དུ་འབད་བརྩོན་བྱས་ནས་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དངོས་འབེབ་བྱེད་པ་དང་ས་ཁུལ་གྱི་གཏན་འཇགས་སྲུང་འཛིན་བྱེད་པར་གཅིག་གྱུར་གྲོས་འཆམ་བྱུང་ཡོད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། མཱ་ཁི་ལུང་གིས་ཁ་པར་གཏོང་སྐབས་ཧྥ་རན་སི་ཡིས་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་བྱེད་པའི་རེ་འདོན་བསྐྱར་སྒྲོག་བྱས་པར་མ་ཟད། དབྱི་ལིང་གིས་ཀྱང་དེ་མཚུངས་ཀྱི་བྱེད་ཐབས་སྤྱོད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།

སྤྱི་སྒྲོག་ལས་བཤད་རྒྱུར། མཱ་ཁི་ལུང་གིས་ཡང་བསྐྱར་བསྟན་དོན། འབྲེལ་ཡོད་ཕྱོགས་སོ་སོས་སྒྲོམ་གཞིའི་གྲོས་མཐུན་དེ་ལས་ལྷག་པ་ཞིག་ལ་གྲོས་བསྡུར་བྱེད་དགོས་པ་དང་། སྒྲོམ་གཞིའི་གྲོས་མཐུན་གསར་བ་དེར་ཉིས་སྟོང་ཉེར་ལྔ་ལོའི་རྗེས་སུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་བྱ་འགུལ་གྱི་ལྟ་རྟོག་དང་དབྱི་ལིང་གི་འཕུར་མདའི་འཆར་གཞི། དབུས་ཤར་ས་ཁུལ་གྱི་ཉམས་ཉེན་གཙོ་བོ་རེ་འགའ་སོགས་ནང་དོན་འདུས་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།