ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཨ་མེ་རི་ཁ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་འབུད་པའི་ཆོད་དོན་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

联合国秘书长对美退出伊朗核协议的决定表达关切.jpg

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཨ་མེ་རི་ཁ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་འབུད་པའི་ཆོད་དོན་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་ཐི་ལིང་ཕུའུ་སྲིད་གཞུང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་འབུད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། དབྱི་ལིང་གི་དཔལ་འབྱོར་བཀག་སྡོམ་བྱེད་ཐབས་སླར་གསོ་བྱེད་པའི་ཆོད་དོན་སྤེལ་བར་སེམས་ཁུར་བྱེད་བཞིན་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ངས་ནམ་རྒྱུན་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནི་ཉིང་རྡུལ་ནུས་པ་རྒྱ་ཡན་དུ་མི་གཏོང་བ་དང་ཕྱི་འབྲེལ་ཐད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། ས་ཁོངས་དང་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ཐད་བྱས་རྗེས་བཞག་ཡོད་པ་བསྐྱར་སྒྲོག་བྱས་མྱོང་ཟེར།

ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ཁྲོད་བཙུགས་པའི་རྐྱེན་སྲོལ་ལ་བརྟེན་ནས་འཆར་གཞི་ལག་བསྟར་བྱེད་པར་འབྲེལ་བའི་གནད་དོན་ཡོད་ཚད་ཐག་གཅོད་བྱེད་པར་གལ་འགངས་ཧ་ཅང་ཆེ་ལ། གྲོས་མཐུན་དེར་ཐད་ཀར་འབྲེལ་བ་མེད་པའི་གནད་དོན་དག་གྲོས་མཐུན་དང་དེའི་གྲུབ་འབྲས་ལ་སྲུང་སྐྱོབ་བྱེད་པར་གནོད་པ་མེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཐག་གཅོད་བྱེད་དགོས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་དེར་ཞུགས་ཀྱི་ཕྱོགས་ཁག་ཚང་མས་རང་རང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དང་ཁོངས་གཏོགས་རྒྱལ་ཁབ་གཞན་པའི་བར་བཀོད་པའི་དམ་བཅའ་བརྩི་སྲུང་གང་ལེགས་བྱས་ཏེ། གྲོས་མཐུན་དེ་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།