ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་གུང་ཁྲན་ཏང་གིས་མང་ཚོགས་རྩ་འཛུགས་བྱས་ཏེ་མར་ཁེ་སིའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་ལྔ་ཉིན། ཨུ་རུ་སིའི་གུང་ཁྲན་ཏང་གིས་མང་ཚོགས་རྩ་འཛུགས་བྱས་ཏེ་མའོ་སི་ཁི་རུ་ཡོད་པའི་མར་ཁི་སིའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་ཕུལ།

སྔ་མོ་ནས་བཟུང་མང་ཚོགས་ཀྱིས་ལྭ་བ་དམར་པོ་གྱོན་པ་དང་སྐེ་དཀྲིས་དམར་པོ་བརྒྱབ་ནས་རྗེས་དྲན་རྡོ་རིང་གི་མདུན་དུ་འདུས། མི་ལ་ལས་རང་འགུལ་གྱིས་སྒྲིག་ལམ་སྲུང་ཆེད་ཚང་མར་བཀོད་སྒྲིག་བྱས་པ་དང་། མི་ལ་ལས་ལམ་འགྲོ་བར་དྲིལ་བསྒྲགས་ཡིག་ཆ་བྱིན་ནས་མར་ཁི་སིའི་རིང་ལུགས་དྲིལ་བསྒྲགས་བྱས།

མེ་ཏོག་འབུལ་བའི་མཛད་སྒོ་དེ་སྔ་དྲོའི་དུས་ཚོད་བཅུ་གཅིག་སྟེང་དངོས་སུ་མགོ་བརྩམས། ཨུ་རུ་སིའི་གུང་ཁྲན་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅིག་ཅཱ་ནོའུ་ཧྥུའུ་དང་ཨུ་རུ་སིའི་གུང་ཁྲན་ཏང་གི་མགོ་ཁྲིད་རིམ་པ་མི་ཚོགས་ཀྱི་མདུན་གྲལ་དུ་ལངས་ནས་ཡོད། ཁོ་ཚོའི་རྗེས་སུ་མང་ཚོགས་རྣམས་ཀྱིས་ལག་ཏུ་རྒྱ་སེ་མེ་ཏོག་དམར་པོ་བཟུང་ཞིང་། དར་ཆ་དམར་པོ་མཐོན་པོར་བསྒྲེངས་ནས་བསྒྲིགས་ཡོད།

ཅིག་ཅཱ་ནོའུ་ཧྥུའུ་ཡི་སྣེ་ཁྲིད་འོག མང་ཚོགས་ཀྱིས་རིམ་པ་བཞིན་མར་ཁི་སིའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་ཕུལ།

ཨུ་རུ་སིའི་གུང་ཁྲན་ཏང་ལས་གཞན་གཡོན་ཕྱོགས་འཐབ་ཕྱོགས་ལས་འགུལ་དང་དུས་ཚོད་ཀྱི་ངོ་བོ། སུའུ་ལེན་དམག་དཔོན་མནའ་འབྲེལ་སོགས་ཨུ་རུ་སིའི་གཡོན་ཕྱོགས་སྲིད་ཏང་དང་སྤྱི་ཚོགས་ཚོགས་ཁག་གིས་ཀྱང་མང་ཚོགས་རྩ་འཛུགས་བྱས་ཏེ་ཉིན་དེའི་མེ་ཏོག་འབུལ་བའི་བྱ་འགུལ་ལ་ཞུགས།

མེ་ཏོག་འབུལ་བའི་བྱ་འགུལ་མཇུག་སྒྲིལ་རྗེས་ཅིག་ཅཱ་ནོའུ་ཧྥུའུ་ཡིས་གསར་འགྱུར་ལས་རིགས་དང་མང་ཚོགས་ལ་བསྟན་དོན། མར་སི་ཁིའི་གུང་ཁྲན་ཏང་གི་བསྒྲགས་གཏམ་སོགས་བརྩམས་ཆོས་ནི་ཀུན་གྱིས་ཁས་ལེན་པའི་དུས་རབས་བཅུ་དགུ་བར་ཤུགས་རྐྱེན་ཆེས་ཆེ་བའི་བརྩམས་ཆོས་ཡིན་ཞིང་། ད་ལྟ་ཡིན་ཡང་མིའི་རིགས་ཡོངས་ཀྱི་འཕེལ་རྒྱས་ཐད་ཤུགས་རྐྱེན་གལ་ཆེན་ཐེབས་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།