ཀྲུང་གོ་བོད་ཀྱི་དྲ་བ།

ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་གིས་སྲིད་གཞུང་གཏོར་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་རི་ཨིན་པེ་ཁི་ཧྥུའུ་ཡིས་ཉིན་དེར་ཙུང་ཐུང་བཀའ་རྒྱའི་སྟེང་མིང་བཀོད་དེ། ཙུང་ལི་དབྱེ་སཱ་ཁི་ཧྥུའུ་གཙོ་བྱས་པའི་སྲིད་གཞུང་གཏོར་རྒྱུ་ཁྱབ་སྒྲོག་བྱས།

ཙུང་ཐུང་གི་བཀའ་རྒྱ་ལྟར་ན། དབྱེ་སཱ་ཁི་ཧྥུའུ་དང་དེའི་ནེ་ཀིའི་ཁོངས་མི་ཚང་མས་སྲིད་གཞུང་གསར་བ་རྩ་འཛུགས་ཡོངས་འགྲུབ་བྱེད་རག་བར་མུ་མཐུད་དུ་ལས་འགན་ལག་བསྟར་བྱེད་རྒྱུ་རེད།

ཅིར་ཅི་སི་སི་ཐན་གྱི་གྲོས་ཁང་གིས་ཚེས་བཅུ་དགུའི་ཉིན་སྲིད་གཞུང་ལ་ཡིད་མི་ཆེས་པའི་གནད་དོན་ལ་འདེམ་ཤོག་འཕེན་པར་འཐད་པ་བྱུང་། གྲོས་ཚོགས་ལ་ཞུགས་པའི་གྲོས་མི་བརྒྱ་དང་ཉི་ཤུའི་ཁྲོད་མི་བརྒྱ་དང་གཉིས་སྲིད་གཞུང་གིས་ལས་ཁུར་དགོངས་ཞུ་བྱེད་པར་འཐད་པ་བྱུང་ཡོད། དེ་ནི་ཅིར་ཅི་སི་སི་ཐན་གྱི་ལོ་རྒྱུས་སྟེང་གྲོས་ཁང་ནས་ཐོག་དང་པོར་སྲིད་གཞུང་ལ་ཡིད་མི་ཆེས་པའི་གནད་དོན་ལ་འདེམ་ཤོག་འཕེན་པར་འཐད་པ་བྱུང་བ་རེད།

ཅིར་ཅི་སི་སི་ཐན་གྱི་རྩ་ཁྲིམས་གཏན་འཁེལ་ལྟར་ན། གྲོས་ཁང་གི་སུམ་ཆའི་གཅིག་ཡན་གྱི་གྲོས་མིས་གྲོས་འདོན་བྱས་ན་སྲིད་གཞུང་ལ་ཡིད་མི་ཆེས་པའི་གནད་དོན་ལ་འདེམ་ཤོག་འཕངས་ཆོག་པ་རེད། ཐེངས་འདིའི་སྲིད་གཞུང་གི་ཡིད་མི་ཆེས་པའི་གནད་དོན་འདོན་མཁན་ནི་ངོ་རྒོལ་ཕྱོགས་ཁག་གི་གྲོས་མི་ཡིན་པ་དང་། ཁོ་ཚོས་དབྱེ་སཱ་ཁི་ཧྥུའུ་ཡི་ཉིས་སྟོང་བཅུ་བདུན་ལོའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་མི་དགའ་བའི་རྣམ་འགྱུར་བཟུང་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།