ཀྲུང་གོ་བོད་ཀྱི་དྲ་བ།

ཝུན་ཙེ་ཡུན་གྱིས་ཁྲའོ་ཞན་ཕྱེད་གླིང་གིས་ཞི་བདེའི་གྲོས་ཆོད་འགོད་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཚེས་བཅུ་དགུའི་ཉིན་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་ནས་གསར་འགྱུར་སྨྱན་བྱད་མེད་མང་བོ་དང་མཉམ་དུ་གུང་ཟས་ལ་རོལ་སྐབས་བསྟན་དོན། ཁྲའོ་ཞན་ཕྱེད་གླིང་གིས་འཁྲུག་རྩོད་མཚམས་འཇོག་པའི་རྐྱེན་སྲོལ་མཇུག་སྒྲིལ་བ་དང་། འཁྲུག་རྩོད་མཚམས་འཇོག་པའི་བསྒྲགས་གཏམ་སྤེལ་ཏེ། ཞི་བདེའི་གྲོས་ཆོད་འགོད་པར་ཁ་ཕྱོགས་དགོས་ཟེར།

ཝུན་ཙེ་ཡུན་གྱིས་གུང་ཟས་སྐབས་སུ་གཏམ་བཤད་སྤེལ་ཏེ། ཧན་གོ་དང་ཁྲའོ་ཞན་གྱི་མགོ་གཙོའི་གྲོས་མོལ་ལ་བརྟེན་ནས་བགྲོད་ལམ་གསར་བ་ཞིག་གསར་འབྱེད་བྱེད་དགོས་པ་དང་། ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པ་མངོན་འགྱུར་བྱེད་དགོས་ལ། ཕྱེད་གླིང་གི་ཡུན་རིང་ཞི་བདེའི་རྐྱེན་སྲོལ་བཙུགས་ནས་རྒྱུན་མཐུད་ཀྱི་ཧན་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཝུན་ཙེ་ཡུན་གྱིས་བཤད་རྒྱུར། ཁྲའོ་ཞན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་འདོད་བློ་བསྟན་ཡོད་པ་དང་། ཧན་གོར་གྲོས་མོལ་བྱེད་འདོད་ཀྱི་འདུན་པ་ཡོད་པའི་ཚུལ་བསྟན། ཁྲའོ་ཞན་དང་ཨ་མེ་རི་ཁས་ཀྱང་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན་པའི་ཞོར་དུ་མགོ་ཁྲིད་པའི་གྲོས་མོལ་ལ་གྲ་སྒྲིག་བྱེད་བཞིན་ཡོད་ཀྱང་། ད་ལྟ་ནི་གྲོས་མོལ་གྱི་མགོ་བརྩམས་མ་ཐག་ཡིན་པས་ལེགས་འགྲུབ་འབྱུང་བར་ཐག་གཅོད་བྱས་ན་ཅུང་སྔ་དྲགས་སོང་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།