ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ལྔའི་བར་སྣང་སྐྱེལ་འདྲེན་གྱི་དམག་དོན་སྦྱོང་བརྡར་དེ་པུར་ཀ་རི་ཡཱ་ནས་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་གི་རྒྱལ་ཁབ་ལྔའི་བར་སྣང་སྐྱེལ་འདྲེན་གྱི་དམག་དོན་སྦྱོང་བརྡར་དེ་ཚེས་བཅུ་དྲུག་ཉིན་པུར་ཀ་རི་ཡཱའི་དབུས་ཕྱོགས་ཀྱི་ཨ་མེ་རི་ཁའི་མཁའ་དམག་རྟེན་གཞི་ནས་སྤེལ་མགོ་བརྩམས་པ་དང་། ཧི་ལན་དང་ཕོ་ལན། རོ་མཱ་ནི་ཡཱ། ལི་ཐའོ་ཝན། པུར་ཀ་རི་ཡཱ་བཅས་དམག་དོན་སྦྱོང་བརྡར་ལ་ཞུགས།

པུར་ཀ་རི་ཡཱའི་རྒྱལ་སྲུང་པུའུ་ཡིས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལས་བཤད་རྒྱུར། དུས་ཡུན་ཉིན་བཅུ་གཅིག་ཡིན་པའི་དམག་དོན་སྦྱོང་བརྡར་ཁྲོད་རྒྱལ་ཁབ་མང་བོའི་མཁའ་དམག་གིས་གནམ་སའི་མཚམས་ནས་འཕུར་སྐྱོད་བྱེད་པ་དང་། མི་སྣ་དང་མཚོན་ཆའི་མཁའ་འབབ། དགྲ་བོའི་མཁའ་སྲུང་མེ་ཤུགས་འགོག་པ། འཐབ་རྩལ་གྱིས་སྐམ་སར་འབུད་པ། འདམ་མང་སར་འཕུར་འབབ་བྱེད་པ་སོགས་ཀྱི་སྦྱོང་བརྡར་བྱེད་རྒྱུ་ཡིན་ལ། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་གནམ་གྲུ་ལ་སི་པཱ་ཏཱ་མི་དང་སྟོབས་ཀྱི་ལྷ་ཞེས་པའི་སྐྱེལ་འདྲེན་གནམ་གྲུ་སོགས་འདུས།

གསར་འགྱུར་སྤྱི་སྒྲོག་ལས་བཤད་རྒྱུར། དམག་དོན་སྦྱོང་བརྡར་དེ་ནི་པུར་ཀ་རི་ཡཱ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་ཀྱི་ཉིན་རེའི་བཀོད་སྒྲིག་གི་ཁག་ཅིག་ཡིན་ཞིང་། པུར་ཀ་རི་ཡཱའི་མཁའ་དམག་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དམིགས་ཡུལ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་གཞན་པའི་བར་གྱི་མཐུན་སྦྱོར་འཐབ་འཁྲུག་ནུས་པ་ཇེ་མཐོར་གཏོང་བའི་ཆེད་དུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།