ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་སྲིད་གཞུང་གིས་རྫས་འགྱུར་མཚོན་ཆ་གཏན་འགོག་རྩ་འཛུགས་ཀྱི་རྟོག་ཞིབ་ལ་གཞོགས་འདེགས་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་གཞོན་པ་མཱེ་ཁི་ཏཱ་ཏི་ཡིས་ཚེས་བཅུ་དྲུག་ཉིན་བསྟན་དོན། སི་རི་ཡཱའི་སྲིད་གཞུང་གིས་རྫས་འགྱུར་མཚོན་ཆ་གཏན་འགོག་རྩ་འཛུགས་ཀྱིས་སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་འཇབ་རྒོལ་དོན་རྐྱེན་ལ་རྟོག་ཞིབ་བྱེད་པར་གཞོགས་འདེགས་བྱེད་འདོད་ཡོད་པ་དང་། རྟོག་ཞིབ་ཚོགས་པའི་བྱ་བར་དགོས་ངེས་ཀྱི་སྟབས་བདེ་གང་ལེགས་བསྐྲུན་རྒྱུ་ཡིན་ཟེར།

མཱེ་ཁི་ཏཱ་ཏི་ཡིས་བཤད་རྒྱུར། སི་རི་ཡཱའི་སྲིད་གཞུང་གིས་གདན་དྲངས་པ་ལྟར། རྫས་འགྱུར་མཚོན་ཆ་གཏན་འགོག་རྩ་འཛུགས་ཀྱི་རྟོག་ཞིབ་ཚོགས་པ་ཉིན་གསུམ་གྱི་སྔོན་ལ་ཏཱ་མཱ་ཧྲི་ཀི་རུ་འབྱོར་ནས། སི་རི་ཡཱའི་སྲིད་གཞུང་བར་གྲོས་མོལ་ཐེངས་འགའ་བྱས་པ་དང་། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གྱིས་དྲང་བདེན་དང་མངོན་གསལ། ཡང་དག་པའི་རྟོག་ཞིབ་ཅིག་སྤེལ་བར་གྲོས་བསྡུར་བྱས།

མཱེ་ཁི་ཏཱ་ཏི་ཡིས་བཤད་རྒྱུར། ང་ཚོས་རྟོག་ཞིབ་ཚོགས་པའི་བྱ་བར་གཞོགས་འདེགས་བྱེད་འདོད་ཡོད་པ་དང་། དགོས་ངེས་ཀྱི་སྟབས་བདེ་བསྐྲུན་འདོད་ཡོད་ཟེར། ཁོས་རྫས་འགྱུར་མཚོན་ཆ་གཏན་འགོག་རྩ་འཛུགས་ཀྱི་རྟོག་ཞིབ་ཚོགས་པས་རྟོག་ཞིབ་བྱས་པའི་མཇུག་འབྲས་ཅི་འདྲ་ཡིན་པ་གསལ་བོར་བཤད་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།