ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཙི་པེ་ཁི་སི་ཐན་གྱིས་ཡང་བསྐྱར་ཐཱ་ཅི་ཁི་སི་ཐན་ལ་རང་བྱུང་སོལ་རླངས་ཕྱིར་གཏོང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐཱ་ཅི་ཁི་སི་ཐན་གྱི་རང་བྱུང་སོལ་རླངས་སྐྱེལ་འདྲེན་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ་ཧྲའོ་དབྱེ་མའོ་ཧྥུའུ་ཡིས་ཚེས་དགུའི་ཉིན་བཤད་རྒྱུར། གཟའ་འཁོར་སྔོན་མའི་གཟའ་མཇུག་ནས་བཟུང་། ཝུའུ་ཙི་པེ་ཁི་སི་ཐན་གྱིས་ལོ་དྲུག་འགོར་རྗེས་ཡང་བསྐྱར་ཐཱ་ཅི་ཁི་སི་ཐན་ལ་རང་བྱུང་སོལ་རླངས་ཕྱིར་གཏོང་བྱེད་མགོ་བརྩམས་ཟེར།

ཧྲའོ་དབྱེ་མའོ་ཧྥུའུ་ཡིས་བཤད་རྒྱུར། ད་ལོར་ཝུའུ་ཙི་པེ་ཁི་སི་ཐན་གྱིས་ཐཱ་ཅི་ཁི་སི་ཐན་ལ་རང་བྱུང་སོལ་རླངས་རྨིད་རྒྱ་དཔངས་གྲུ་བཞི་བ་མ་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་དྲུག་འདོན་སྤྲོད་བྱེད་པའི་འཆར་གཞི་ཡོད་པ་དང་། མིག་སྔར་ཝུའུ་ཙི་པེ་ཁི་སི་ཐན་ནས་ནང་འདྲེན་བྱས་པའི་རང་བྱུང་སོལ་རླངས་དེ་ཐཱ་ཅི་ཁི་སི་ཐན་གྱི་ཁེ་ལས་གཙོ་བོར་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། དེའི་རྗེས་སུ་སྡོད་དམངས་ལ་སོལ་རླངས་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

བསྒྲགས་པ་ལྟར་ན། ཝུའུ་ཙི་པེ་ཁི་སི་ཐན་གྱིས་ཐཱ་ཅི་ཁི་སི་ཐན་ལ་ཕྱིར་གཏོང་བྱས་པའི་རང་བྱུང་སོལ་རླངས་དེ་རྒྱལ་ཁབ་གཉིས་བར་གཅིག་ཏུ་སྦྲེལ་བའི་སྦུག་ལམ་བརྒྱུད་དེ་སྐྱེལ་འདྲེན་བྱེད་རྒྱུ་ཡིན་པ་དང་། ཝུའུ་ཙི་པེ་ཁི་སི་ཐན་གྱིས་རྒྱལ་སྤྱིའི་ཚོང་རའི་ཕྱེད་ཀའི་རིན་གོང་དམའ་མོས་ཐཱ་ཅི་ཁི་སི་ཐན་ལ་སོལ་རླངས་འདོན་སྤྲོད་བྱེད་རྒྱུ་རེད།

རྒྱལ་ཁབ་གཉིས་བར་རྒྱལ་མཚམས་ཀྱི་དབྱེ་ཚུལ་དང་རྒྱལ་ཁོངས་བརྒལ་བའི་ཆུའི་ཐོན་ཁུངས་ཀྱི་བེད་སྤྱོད་སོགས་གནད་དོན་ཐད་འགལ་བ་ཡོད་པའི་དབང་གིས། ཝུའུ་ཙི་པེ་ཁི་སི་ཐན་གྱིས་ཉིས་སྟོང་བཅུ་གཉིས་ལོར་རང་བྱུང་སོལ་རླངས་ཐོན་ཁུངས་ཉུང་བ་རྒྱུ་མཚན་དུ་བྱས་ཏེ་ཐཱ་ཅི་ཁི་སི་ཐན་ལ་རང་བྱུང་སོལ་རླངས་འདོན་སྤྲོད་བྱེད་མཚམས་བཞག་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།