ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་སྲིད་གཞུང་དམག་དཔུང་གིས་ཡང་བསྐྱར་ཕྱོགས་གཅིག་ནས་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་ཟླ་ངོ་གསུམ་གྱིས་ཇེ་རིང་ལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཏན་གྱི་ཙུང་ཐུང་པཱ་ཞེ་ཨར་གྱིས་ཟླ3པའི་ཚེས28ཉིན་བཅའ་ཁྲིམས་བཀའ་རྒྱ་སྤེལ་ཏེ། སྲིད་གཞུང་དམག་དཔུང་གིས་སུའུ་ཏན་གྱི་འཁྲུག་རྩོད་ས་ཁུལ་ཚང་མའི་ཕྱོགས་གཅིག་གི་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་དེ2018ལོའི་ཟླ6པའི་ཚེས30ཡི་བར་ཟླ་ངོ་གསུམ་གྱིས་ཇེ་རིང་དུ་གཏོང་རྒྱུ་ཁྱབ་སྒྲོག་བྱས།

སུའུ་ཏན་སྲིད་གཞུང་དམག་དཔུང་གིས་ཉིས་སྟོང་བཅུ་གཅིག་ལོ་ནས་བཟུང་ངོ་རྒོལ་ཕྱོགས་ཁག་གི་རྩ་འཛུགས་སུའུ་ཏན་མི་དམངས་བཅིངས་འགྲོལ་ལས་འགུལ་བར་འཁྲུག་རྩོད་བྱས། ཉིས་སྟོང་བཅུ་བཞི་ལོའི་ཟླ་དང་པོའི་ཚུན་ལ། པཱ་ཞེ་ཨར་གྱིས་རྒྱལ་ཡོངས་ནས་གྲོས་མོལ་བྱེད་པའི་འཕེལ་རིམ་མགོ་བརྩམས་ཏེ། དུས་ཡུན་རིང་བོ་འགོར་བའི་དྲག་ཆས་འཁྲུག་རྩོད་དེ་རྩ་བ་ནས་ཐག་གཅོད་བྱས་ཏེ་ཞི་བདེ་མངོན་འགྱུར་བྱེད་པར་རེ་བ་བཅངས།

ཉིས་སྟོང་བཅུ་དྲུག་ལོའི་ཟླ་དྲུག་པར། པཱ་ཞེ་ཨར་གྱིས་སུའུ་ཏན་སྲིད་གཞུང་དམག་དཔུང་གིས་ཕྱོགས་གཅིག་ནས་ཟླ་ངོ་བཞི་ལ་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས། དེའི་རྗེས་སུ་སུའུ་ཏན་སྲིད་གཞུང་གིས་ཐེངས་མང་བོར་འཁྲུག་རྩོད་ས་ཁུལ་གྱི་ཕྱོགས་གཅིག་གི་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་ཇེ་རིང་དུ་བཏང་། ཆེས་མཇུག་མཐའི་ཐེངས་ཤིག་ནི་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དང་པོའི་ཚེས་བཞི་ཉིན། པཱ་ཞེ་ཨར་གྱིས་སྲིད་གཞུང་དམག་དཔུང་གི་སུའུ་ཏན་གྱི་འཁྲུག་རྩོད་ས་ཁུལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་དེ་ཟླ་ངོ་གསུམ་གྱིས་ཇེ་རིང་དུ་གཏོང་རྒྱུ་ཁྱབ་སྒྲོག་བྱས་པ་རེད།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།