ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ནས་ཉེན་རྟོག་པ་དང་ངོ་རྒོལ་མཁན་བར་འཁྲུག་རྩོད་བྱུང་སྟེ་མི་བཅུ་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་གསར་འགྱུར་ལས་རིགས་ཀྱིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་གྲོས་ཁང་གི་ཐོག་ཁང་ཆེན་མོའི་ཉེ་འདབས་སུ་ཚེས་གསུམ་ཉིན་ཡང་བསྐྱར་ཉེན་རྟོག་པ་དང་ངོ་རྒོལ་མཁན་བར་གྱི་འཁྲུག་རྩོད་བྱུང་སྟེ། ཉེན་རྟོག་པ་བཞི་དང་ངོ་རྒོལ་མཁན་དྲུག་ལ་རྨས་ཕོག གཞན་ཡང་ངོ་རྒོལ་མཁན་ལྔ་བཅུ་འཛིན་བཟུང་བྱས།

ཝུའུ་ཁི་ལན་ཉེན་རྟོག་ཅུའུ་ཅི་ཧྥུའུ་ཡན་ལག་ཅུའུ་ཡི་འགན་ཁུར་བས་བཤད་རྒྱུར། ཉིན་དེའི་སྔ་མོར་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་ཁང་གི་ཆོད་དོན་ལྟར་དུ་གྲོས་ཁང་གི་ཐོག་ཁང་ཆེན་མོའི་ཉེ་འདབས་ཀྱི་ངོ་རྒོལ་མཁན་གྱིས་རས་གུར་ཕུབ་པའི་ས་ཁུལ་དུ་རྟོག་ཞིབ་བྱས་པར། ངོ་རྒོལ་མཁན་གྱི་ངོ་རྒོལ་ཐེབས་པ་དང་། དེའི་རྗེས་སུ་ཕྱོགས་གཉིས་བར་འཁྲུག་རྩོད་བྱུང་བ་རེད་ཟེར། ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན། གནས་དེ་ནས་རིགས་དེ་མཚུངས་ཀྱི་འཁྲུག་རྩོད་བྱུང་སྟེ་ཉེན་རྟོག་པ་བཅུ་བཞིར་རྨས་པ་རེད།

གཞན་ཡང་ཝུའུ་ཁི་ལན་འཕྲིན་གཏོང་ཁང་གིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། མིག་སྔར་འཁྲུག་རྩོད་དེ་ཞི་འཇགས་སུ་བཏང་ཡོད་པ་དང་། གྲོས་ཁང་གི་ཐོག་ཁང་ཆེན་མོའི་ཉེ་འཁོར་དུ་ཉེན་སྲུང་ཐིག་དམར་འཐེན་ཡོད་པ་ལ། མེ་གསོད་མི་སྣ་དང་ཉེན་རྟོག་པས་རས་གུར་དེ་དག་གཙང་སེལ་བྱེད་བཞིན་ཡོད་ཟེར།  །

 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།