ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་རྫས་འགྱུར་མཚོན་ཆ་བཀོལ་ནས་སྲིད་གཞུང་དམག་དཔུང་ལ་མ་ཉེས་ཁ་གཡོག་བྱེད་རྩིས་ཡོད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་འཕྲིན་གཏོང་ཁང་གིས་ཚེས་གཉིས་ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་དམག་ཕྱོགས་ཀྱིས་རྒྱུས་ལོན་བྱུང་བའི་གསང་འཕྲིན་ལས་མངོན་པ་ལྟར་ན། ཏཱ་མཱ་ཧྲི་ཀིའི་ཤར་མཐའི་ཏུང་ཀུའུ་ཐཱ་ས་ཁུལ་དུ་འགུལ་སྐྱོད་བྱེད་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་རྫས་འགྱུར་མཚོན་ཆ་བཀོལ་ནས་སྲིད་གཞུང་དམག་དཔུང་ལ་མ་ཉེས་ཁ་གཡོག་བྱེད་རྩིས་ཡོད་ཟེར།

སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་གཅིག་ཉིན་གྱི་དགོང་མོར་གསལ་སྒྲོག་ཅིག་གི་ནང་བསྟན་དོན། ཏུང་ཀུའུ་ཐཱ་ས་ཁུལ་གྱི་འཇིགས་སྐུལ་རྩ་འཛུགས་ཀྱིས་ས་དེར་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱེད་རྩིས་ཡོད་པ་དང་། སྲིད་གཞུང་དམག་དཔུང་གིས་རྫས་འགྱུར་མཚོན་ཆའི་དཔུང་འཇུག་བྱས་པའི་འཕྲུལ་སྣང་སྟོན་རྩིས་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་སྲིད་གཞུང་དམག་དཔུང་བར་འཐབ་འཁྲུག་བྱེད་པའི་ཡུལ་དངོས་སུ་མི་སེར་དཀྱུས་མའི་དམིགས་འབེན་ལ་དུག་ལྡན་དངོས་རྫས་བེད་སྤྱོད་བྱས་ཏེ་སྲིད་གཞུང་དམག་དཔུང་ལ་མ་ཉེས་ཁ་གཡོག་བྱེད་པའི་འཆར་གཞི་ཡོད་ཟེར།

སི་རི་ཡཱའི་དམག་ཕྱོགས་ཀྱིས་བསྐྱར་སྒྲོག་བྱས་དོན། སི་རི་ཡཱའི་སྲིད་གཞུང་ལ་རྫས་འགྱུར་མཚོན་ཆ་མེད་པ་དང་། རྫས་འགྱུར་མཚོན་ཆ་ཐོབ་ནས་བེད་སྤྱོད་བྱེད་པའི་འདུན་པའང་མེད་ཟེར།

ཏུང་ཀུའུ་ཐཱ་ས་ཁུལ་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་དེའི་སྔོན་སྲིད་གཞུང་དམག་དཔུང་གིས་ས་དེར་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་པའི་སྐྱོན་འཛུགས་བྱས་པ་དང་། ཨ་མེ་རི་ཁ་དང་དབྱིན་ཇི་སོགས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཉེན་བརྡ་བཏང་སྟེ། གལ་ཏེ་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་པ་བདེན་དཔང་བྱུང་ན་དེར་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།