ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཧིན་རྡུ་ཉི་ཞི་ཡཱ་ཡིས་སུའུ-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུའི་ཕྱིར་འཚོང་གན་རྒྱ་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་གི་དམག་དོན་ལག་རྩལ་མཉམ་ལས་གནད་དོན་གྱི་ལས་རོགས་པ་ཁི་རིན་གྱིས་ཟླ་གསུམ་པའི་ཚེས་གཅིག་ཉིན་གསར་འགྱུར་ལས་རིགས་ལ་ཁས་ལེན་བྱས་དོན། ཨུ་རུ་སི་ཡིས་ཧིན་རྡུ་ཉི་ཞི་ཡཱའི་བར་སུའུ-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཕྱིར་འཚོང་བྱེད་པའི་གན་རྒྱ་བཀོད་ཡོད་ཟེར། 

ཁི་རིན་གྱིས་ཉིན་དེར་བཅར་འདྲི་དང་ལེན་བྱེད་སྐབས་ཁས་ལེན་བྱས་དོན། གན་རྒྱ་བཀོད་མ་ཐག་ཡིན་པ་དང་། སྔོན་སྤྲོད་མ་དངུལ་སོགས་གན་རྒྱ་ལག་བསྟར་བྱེད་པའི་བྱ་བ་སྤེལ་མགོ་བརྩམས་མེད་ཟེར།

དེའི་སྔོན་ཨུ་རུ་སི་དང་ཧིན་རྡུ་ཉི་ཞི་ཡཱ་ཡིས་ཟླ་གཉིས་པའི་ཟླ་དཀྱིལ་ལ་ཧིན་རྡུ་ཉི་ཞི་ཡཱ་ཡིས་སུའུ-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཅུ་གཅིག་ཉོ་བའི་གན་རྒྱ་བཀོད་ཡོད་པ་དང་། ཉོ་བསྡུ་བྱས་པའི་སུའུ-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དེས་ཧིན་རྡུ་ཉི་ཞི་ཡཱས་གཅིག་སྟོང་དགུ་བརྒྱ་བརྒྱད་ཅུ་ལོའི་ཚུན་ལ་ནམ་རྒྱུན་བེད་སྤྱོད་བྱེད་པའི་ཨ་མེ་རི་ཁའིF-5རྟགས་ཅན་གྱི་འཐབ་འཛིང་གནམ་གྲུའི་ཚབ་བྱེད་རྒྱུ་རེད།

ཨུ་རུ་སི་རུ་སྡོད་པའི་ཧིན་རྡུ་ཉི་ཞི་ཡཱའི་གཞུང་ཚབ་ཆེན་མོ་སུའུ་ཕུའུ་ལི་ཡཱ་ཏིས་ཀྱིས་ཉེ་སྔོན་གསར་འགྱུར་ལས་རིགས་ལ་བསྟན་དོན། ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན་ནི་ཧིན་རྡུ་ཉི་ཞི་ཡཱའི་རང་བཙན་ཉིན་མོ་ཡིན་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ད་ལོའི་ཟླ་བརྒྱད་པ་ནས་བཟུང་རིམ་བཞིན་ཧིན་རྡུ་ཉི་ཞི་ཡཱ་ལ་འཐབ་འཛིང་གནམ་གྲུ་དེ་དག་སྤྲོད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།