ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གཏན་སྡོད་ས་ཁུལ་རྒྱ་བསྐྱེད་པར་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་ལེ་པའོ་མན་གྱིས་ཚེས་དགུའི་ཉིན་བསྟན་དོན། དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་ནས་སྡོད་ཁང་སྟོང་ལྷག་གསར་དུ་ལས་པར་ཆོག་མཆན་བཀོད་ཡོད་ཟེར།

ལེ་པའོ་མན་གྱིས་གསལ་སྒྲོག་ཅིག་གི་ནང་བསྟན་དོན། དབྱི་སི་རལ་དཔོན་ཕྱོགས་ཀྱིས་ཚེས་བཅུའི་ཉིན་ད་ལོར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་ནས་སྡོད་ཁང་སྟོང་གཅིག་དང་ཉིས་བརྒྱ་གྱ་ལྔ་གསར་དུ་ལས་པར་ཆོག་མཆན་བཀོད་པར་མ་ཟད། ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་གཞན་པ་ཉི་ཤུ་ནས་སྡོད་ཁང་སྟོང་གཉིས་དང་ལྔ་བརྒྱ་ཙམ་གསར་དུ་ལས་རྒྱུའི་འཆར་གཞི་ཡོད་ཟེར། མིག་སྔར་ཕཱ་ལེ་སི་ཐན་དཔོན་ཕྱོགས་ཀྱིས་དོན་དེའི་ཐད་ནས་བསམ་ཚུལ་ཅི་ཡང་བསྟན་མེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།